text stringlengths 11 25.2k |
|---|
དེའི་བྱིན་རླབས་ཀྱིས་རང་གི་རྒྱུད་དུལ་ནས། ངའི་འོག་ན་ས་འདི་ལས་མེད་སྙམ་པ་བྱུང་ཞིང་། ཁམས་འདུས་པ་དང་ཁོང་ཁྲོ་བ། ང་རྒྱལ་ལ་སོགས་མེད་པར་སོང་། ཁྲོ་བོའི་བསྙེན་པ་སྐྱལ་བས། ཁམས་འདུས་དང་རྣོ་ཐུང་ཡོང་ཟེར་བ་བླུན་གཏམ་ཡིན་པར་འདུག་གོ། |
དེ་དུས་ཡང་རྨི་ལམ་ན་བུད་མེད་འཇིགས་སུ་རུང་བ་ཞིག་བདག་ལ་འཛིང་དུ་བྱུང་བས། དམ་སྲིའི་ཆོ་འཕྲུལ་ཡིན་པར་ཤེས་ནས། རང་ཕྱག་ན་རྡོ་རྗེར་བསྐྱེད་པའི་ཞབས་འོག་ཏུ་མནན་ནས་རྡོ་རྗེས་བརྡུངས་པས། བྲས་སོག་ཉག་མ་གཉིས་སུ་རེད་སོང་། དེ་སྡིག་སྡོག་རྡོག་རྡོག་ནས་སོང་ངོ། ཡེ་ཤེས་ཀྱི་མེས་བསྲེགས་པས། |
གནམས་ལྟོངས་གནམ་སྟོང་ལ་རྡོ་རྗེ་རྒྱ་གྲམ་ཞིག་བཀབ་བྱུང་། དེ་མར་སྒོའི་གཟེར་བུག་ལ་ཤོར་བ་ཞིག་རྨིས། དེ་མ་ཤོར་བར་མེས་བསྲེགས་པ་རྨིས་ན་ལེགས་པ་ཡིན་པར་འདུག་གོ། དེ་ནས་གཟུགས་མི་སྟོན་པའི་སྐད་ཅིག་ནམ་མཁའ་ནས། ཚེའི་བར་ཆད་དེས་ཐུབ་སྟེ། དགུང་ལོ་སོ་བདུན་ལོན་པའི་དུས་དེར་ཁམ་ཆུ་དཀྲུག་གོ་ཟེར་བ་ཞིག་བྱུང་། |
དེ་ནས་རྡོ་རྗེ་རྣམ་འཇོམས་ལ་བསྙེན་པ་བག་རེ་བྱེད་ཅིག་ཡོང་བའི་དུས་སུ། བུད་མེད་ཤིན་ཏུ་ནས་ཆེ་བ་འཇིགས་པ་ཞིག་གིས་མགོ་འགོ་བྱས་པའི་བུད་མེད་སྟོང་ཕྲག་གཅིག་ཙམ་གྱིས་ཐིག་ཕྱིའི་ལྕགས་རིའི་ནང་ཁེངས་བྱུང་། དེ་ནས་བུད་མེད་ཆེ་བ་དེའི་མདུན་དུ་ཕྱིན་པས་མོ་ན་རེ། དགེ་བཤེས་ནམ་མཁའ་རྒྱལ་མཚན་ཁྱེད་ཀྱི་བསླབ་པ་འཕྲོག་དེ་ནས་ཚེ་བཏུང་ཟེར། ཤིན་ཏུ་མ་ལེགས། འདི་ཚ... |
ཐབས་ཅི་གྲག་དྲག་གམ་སྙམ། ད་འཕུར་བ་གྲག་དྲག་ལས་ཆེ་སྙམ་ནས། རྐང་པ་རྡོ་རྗེ་སྐྱིལ་ཀྲུང་བྱས། ཡི་དམ་ཕྱག་ན་རྡོ་རྗེ་བསྒོམས། རླུང་ཞིག་བཟུང་ནས་འཕུར་བས་མོའི་མགོའི་ཐོག་ཏུ་སླེབས་བྱུང་། དེ་ནས་མོས་སྙབས་རྙབ་པས་ཟིན་ལ་ཁད་བྱུང་། |
དེ་ནས་ཡར་འཕུར་བས། ཤིན་ཏུ་མཐོ་བར་སླེབས་བྱུང་ནའང་། འདུ་རིའི་གངས་ཀྱི་སྟེང་དུ་བབས་ནས་བལྟས་པས། དགེ་བཤེས་ལ་གླགས་མ་རྙེད་དོ་ཟེར་ནས་སོང་བས། སྔན་སྔ་མ་མའི་ཞབས་བྱེ་ལ་ལ་སླེབས་ཙ་ན། ཕྱི་མ་ཐིག་ཕྱི་ནས་མ་རྫོགས་པར་འདུག་གོ། |
དེ་ནི་མ་མོ་མཁའ་འགྲོ་རྡུད་པའི་ཆོ་འཕྲུལ་ཡིན་པར་འདུག་ཀྱང་བར་ཆད་དུ་གྱུར་པ་མ་བྱུང་ཞིང་གླགས་མ་རྙེད་དོ། ཡང་ཕྱི་ལོའི་དུས་ཚོད་དེ་རུ་ནུབ་ཅིག། དཀོན་གཉེར་ཁང་པའི་སྟེང་དེར། གསེར་སྐུ་སེར་ལྷག་པ་གཙུག་ཏོར་འདུ་རི་དང་མཉམ་པ་ཞིག་བྱུང་། འདི་ནི་དཀོན་མཆོག་གསུམ་གྱི་ཆོ་འཕྲུལ་མ་ཡིན། གདོན་རང་ཡིན་སྙམ་ནས། |
གསོལ་བ་ཞིག་བཏབ། ཕྱག་ན་རྡོ་རྗེའི་བསྐྱེད་རིམས་གསལ་བ་ཞིག་བསྒོམས་ནས། དེའི་གཙུག་ཏོར་གྱི་ཁར་འཕུར་བས། དེ་ཆུང་དུ་ཆུང་དུ་རེད་ནས་སླར་གཏན་མེད་ལ་སོང་། ནམ་མཁའ་ནས་གདོན་བགེགས་འདུལ་བའི་ཐབས་ལ་མཁས་པའི་རྣལ་འབྱོར་པ་ཞིག་འདུག་ཟེར་སྒྲ་ཡང་བྱུང་། དེ་ལ་སོགས་ཏེ་ཆོས་ཕྲུལ་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་བྱུང་ངོ།། |
དེ་ནས་ལོ་ཉི་ཤུ་རྩ་ལྔ་པ་སྟག་གི་ལོ་ལ་གཉལ་ནས། མཁན་ཆེན་མོན་གྲུབ་པས་གཙོ་མཛད་རྣམས་དང་། ལྷོ་བྲག་གི་དགེ་བའི་བཤེས་གཉེན་ཐམས་ཅད་གདན་དྲངས་ནས། ལུག་གི་ཟླ་བའི་ཚེས་ལྔ་ནས་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར། བདག་ཀྱང་ཟུར་ན་ཡོད་ཅིང་སྙོམས་ཆུང་ནའང་། སྣ་ལེན་གྱི་ཇ་བུར་ཕྱག་རྟེན་དང་བཅས་པ་ཤིན་ཏུ་བཟང་བ་གྲུབ་པས། |
གོང་མ་ཡང་ཤིན་ཏུ་མཉེས་པར་བྱུང་། དེའི་དུས་སུ་མཁན་ཆེན་མོན་གྲབ་པའི་དྲུང་དུ། ཕྱག་ན་རྡོ་རྗེ་ཁྱུང་ལྔའི་ལུང་ཐམས་ཅད་ཞུས། བློ་སྦྱོང་ཚིག་བརྒྱད་མ་ཞུས། ཁོང་གི་གསུང་ནས། ཁྱེད་ཐུགས་དམ་རེམ་གསུངས་ནས་མཉེས་ཚོར་ཆེར་བྱུང་། |
བདག་པོས་ཀྱང་ཕྱག་ན་རྡོ་རྗེ་དངོས་སུ་འདུག་བསམ་པའི་མོས་གུས་ཚད་མེད་བྱུང་། ཞལ་གདའ་ལ་ཡང་། མཁན་ཆེན་རྒྱལ་སྲས་པ་བློན་པོ་རིག་པ་ཅན་དུ་འདུག་སྟེ། ཐུགས་དམ་ཅུང་གཡེལ་འདུག་པས། ཁྱེད་རང་གིས་ཁྲོ་བོའི་བསྙེན་པ་ཐོད་པ་ཚ་ཚིན་ཚིམ་པ་ཅིག་གྱིས་གསུངས། དེ་ནས་ཁྱུང་ལྔའི་བསྙེན་པ་བྱས་པས། |
ཐིག་ཕྱིའི་བར་བསྐོར་ལ་བསྐོར་བ་བྱེད་ཅིང་ཡོད་པས། ནམ་མཁའ་ནས་གཤོག་སྒྲ་ཆེན་པོ་ཞིག་བྱུང་བ་བལྟས་པས་ལུས་ལ་བཀོད་པའི་ཁྱུང་རྣམས་གཤོག་པ་མཆས་སེད་པ་བཞིན་བྱེད་པ་ཞིག་མཐོང་བྱུང་བས་དམིགས་པ་ཡང་གསལ་བར་བྱུང་། དེ་ནས་རྨི་ལམ་ཆོ་འཕྲུལ་ཤིན་ཏུ་ཆེ་བ་བྱུང་། ནང་པས་རིམ་གྲོ་བྱེད་དུ་མ་ཉན། དེའི་དུས་ཆགས་ཤིན་ཏུ་ཆེ་བར་ཡོད་པས། རྨི་ལམ་དུ། |
སློབ་དཔོན་དཔལ་མགོན་གྱི་ཇོ་མོ་ངུ་ཞིང་། ངའི་དཔལ་མགོན་བཟང་པོ་ལྡང་མདང་རང་ཟམ་བུའི་མཚོ་ལ་གཏད་དུ་རྒྱབ་ཟེར་བ་བྱུང་། དེ་ནས་བདག་གིས་ཀྱང་ངུས་པ་རྨིས་གཉིད་སད་བྱུང་། རྨི་ལམ་ངན་བསམ་ཙ་ན། སྔས་ཀྱང་བེངས་བངས་འདུག། བློ་མི་བདེ་བ་བྱུང་ནས། |
ཁོང་ལ་བྱོན་ཞུས། ཁྱེད་ཀྱི་སྐུ་མཚམས་རབ་ལོ་གཅིག། འབྲིང་ཟླ་བ་དྲུག། ཐ་མའང་ཟླ་བ་གསུམ་ཅི་ནའང་མཛོད། རྨི་ལམ་བཟང་པོ་རང་ལ་ཡང་མ་བྱུང་། ཆུང་མའི་སྐྲ་བྱི་བ་ལ་སོགས་རྨིས་ཏེ། |
གཉེར་འདི་བྱེད་པས་མཚམས་མི་ཁོམ་གསུངས་ནས་མཛད་དུ་མ་ཉན། དེའི་ནུབ་མོ་རྨི་ལམ་ན་བུད་མེད་ཡིད་དུ་འོང་བ་ལེགས་པ་བཞི་བྱུང་སྟེ། དེ་ཡང་དཀར་མོ་གཅིག་དམར་མོ་གཅིག་སེར་མོ་གཅིག་ལྗང་ཁུ་གཅིག་དང་བཞི་བྱོན་ནས། བཤེས་གཉེན་ཆེན་པོའི་དྲུང་དུ་ཉེད་ཉིད་རྣམས་བསྒྲུབ་པའི་ལུང་ཞུས་ཤིག་གསུངས། ཁོང་གང་ན་བཞུགས་བྱས་པས། འདི་ན་བཞུགས་བྱས་ཙ་ན་བལྟས་པས། |
བཙུན་པ་བསྣུམ་སྣུམ་ལ་བག་ཤིན་ཏུ་གྲོ་བ། སྨ་ར་སེར་ཁྱུག་གེ་བྱས་པ་ཅིག་འདུག་པས། ཁོང་ལ་ཕྱག་དཔེ་གཙུག་ཏོར་གྲས་ཡི་གེ་ངན་ནེ་བ་བྱས་པ་ཞིག་གི་ལུང་ཞུས་པ་རྨིས། གཉིད་སད་ཙ་ན་ཚིག་རྣམས་ཀྱང་མ་རྗེད་ཙམ་འདུག། དེ་ནས་ཚ་བ་ཐོན་མཚམས་ལ་ཨ་ཁུ་དཔལ་མགོན་བྱོན་ནས། ཁོང་གི་གསུངས་ནས། |
ཉིད་རའི་ལྷ་མོ་དིག་མའི་སྐོར་འདི་ཆིག་བརྒྱུད་ཡིན་པས། ཁྱེད་མན་པ་ལ་སྦྱིན་དུ་མི་ཉན་པར་འདུག་ཅིང་། ཁྱེད་ལ་བག་ཆགས་ཤིན་ཏུ་ཆེ་བར་ཡོད་པས་ཁྱེད་ལ་འབུལ། ང་ཤི་ན་འདི་རྩབས་ཚབ་ཆད་འཆད་པར་འདུག་པས། ཁྱེད་ཀྱིས་ཉམས་ལེན་མཛོད། ངའི་བུ་ཉི་མ་རྒྱལ་མཚན་ལ་ལེགས་པོ་བྱུང་ན་བྱིན། |
དེ་མིན་སུ་ལ་ཡང་མ་སྦྱིན་ཅིག་ཤུད་ཕུ་བའི་ཡས་གཞི་མས་ལམ་པས་འདི་དགའ་བ་ཡིན་གསུངས་ནས། བདག་ལ་ཆོས་སྐོར་ལས་མཐའ་མན་ངག་དང་བཅས་པ་རྫོགས་པར་གནང་། དེ་ནས་རིམ་གྲོ་གྲྭ་པ་ལ་གྲོགས་བཅོལ་ནས། གཙང་སྟོན་གྱིས་ནས་ཁལ་ཉི་ཤུ་མར་ཁལ་བཅུ། བདག་གིས་ནས་ཁལ་བཅུ། མར་ཁལ་ལྔ། |
གཞན་གྲྭ་པ་རྣམས་ལ་དད་འབུལ་བཅོལ་བས་ནས་ཁལ་རེ་མར་བཅད། བྲེ་ལྔ་ཡར་བཅད་རེ་ཐམས་ཅད་ཀྱིས་བྱུང་། དེ་རྣམས་སྐུ་རིམ་ལ་དམིགས་ནས་འཚོགས་པས། སྨན་བླ་བརྒྱ་ཚར་བྱས་པས། ནུབ་ཅིག་རྨི་ལམ་ན་བུད་མེད་བརྗོད་པས་བྱུང་ནས། སྨན་བླའི་བྱིན་རླབས་ཀྱིས་བཙུན་པ་ལ་ཤི་ཆད་མི་ཡོང་སྟེ། |
སྤྱིར་ཤུད་ཕུ་བ་ལ་ལེགས་པོ་ཡོང་བ་མེད་ཟེར་བ་རྨིས། བློ་ཤིན་ཏུ་མ་བདེ་བ་བྱུང་། མ་མོའི་ལུང་ཞུས་ནས་ཟླ་བ་གཉིས་ན། ཁོང་མི་ལག་ཏུ་གྲོངས། དེ་ནས་སློབ་དཔོན་གྱིས་མགོ་འགོ་བྱས་དབོན་པོ་བཞི་དག་ལག་ཏུ་གྲོངས། དེའི་རྐྱེན་གྱིས་ཉི་མ་རེ་བཞིན་འཁྲུགས་ཀྱང་བཙུན་པ་ལ་ཤི་ཆད་མ་བྱུང་། |
སྨན་བླའི་བྱིན་རླབས་ཡིན་པར་འདུག་གོ། དེ་ནས་བདག་གིས་སྒྲོ་བ་དགོན་པར་མགོན་པོའི་བཟླས་རྒྱུན་ལ་བསྙེན་པ་བྱེད་ཅིང་བསྡད་པས། རྨི་ལམ་དུ་བུད་མེད་ཅིག་བྱུང་ནས། བཀྲས་རྒྱམ་གྱིས་མནོལ་བྱས་པའི་གྲིབ་ཕོག་ང་ལ་འཁོར་ས་མ་བྱུང་། ཕྱོགས་ནས་རྦད་འདྲེ་ཁ་བཞི་འདུག་པས་ང་ཀྱང་རྐྱང་པས་ཟློགས་པར་དཀའ་བ་འདུག་གཞན་ལ་རྦད་པ་བས། བསྲུང་ཟློག་ཁག་ཆེ་ཟེར། |
འོ་ན་ཟློག་པའི་ཐབས་གང་ཟབ་བྱས་པས། དགེ་འདུན་སྤྱིས་གཙུག་ཏོར་ཁྲི་ཟློག་གྱིས། གཙུག་ཏོར་གྱི་མདོས་བཅུ་ཐམ་པ་གྱིས། མགོན་པོ་གཡུལ་ཟློག་གྱིས། མ་ཏྲང་ཕུར་ཟློག་གྱིས། བཀྲས་རྒྱམ་ནང་སོ་ནས་ཐོན་གསུངས་ཞིང་། |
དེ་རྣམས་མྱུར་པོ་གྱིས་ཞེས་ཡལ་སོང་། དེ་ནི་ལྷ་མོ་ཡིན་པར་འདུག་དེ་དུས་མཁན་ཆེན་པའི་དྲུང་ནས། ས་སྟོད་ན་བཞུགས་ཡོད་པས། ས་སྟོད་དུ་ཡོངས་ནས་རིམ་གྲོ་ཐམས་ཅད་བྱས། ཉེ་གནས་དེ་ཡང་འཇོག་ཏུ་བཅུག། བཟང་པོ་དར་ལ་ཉེ་གནས་བསྐོས་བྱས་པ་ཡིན། |
དེ་ནས་ལོ་སུམ་ཅུ་སོ་གཅིག་ལོན་པའི་སྐབས་སུ། ལུག་གི་ཟླ་བ་ལ་ཆོས་འཁོར་བྱེད་ཅིང་ཡོད་པའི་དུས་སུ། ཚེས་བཅོ་ལྔའི་ནུབ་མོ་རྨི་ལམ་ན། མཆོད་རྟེན་དཀར་པོ་ཆེན་པོ་ཞིག་གི་སྟེང་ན་བསྡད་ནས། བུད་མེད་མང་པོ་ལ་ཆོས་ཕར་ཕྱིན་ཚང་བ་ཞིག་བཤད་པ་རྨིས། དེ་ནས་གཉིད་སད་འདུག་ནས་ཀྱང་། |
བུད་མེད་ཚོ་ད་རུང་རོང་ངེ་སྡད་འདུག་ཡ་མཚན་ཆེ་སྙམ་པ་ཡང་བྱུང་། དེ་ནས་འཇའ་ཚོན་སྣ་ལྔའི་ཁྲོད་ན་ཕྱག་ན་རྡོ་རྗེའི་སྐུ་ཁྱེ་ཁྱེའུ་ཆུང་ལོ་བརྒྱད་ལོན་པ་ཙམ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། མཆེ་བ་དཀར་ཙིག་གེ་བྱས་པ་ཞིག་འདུག་པས། དེའི་ཞལ་ནས། ལས་ཀྱི་རྡོ་རྗེ། |
ཁའི་ཆོས་ཀྱི་སངས་མི་རྒྱ། གཤོག་མེད་བྱ་ཡིས་འཕུར་མི་ནུས། སྨིག་སྒྱུའི་ཆུ་ཡིས་སྐོམ་མི་སེལ། རྒྱ་མཚོར་སྐོམ་གྲིར་མི་འཆི་དགོས། ཁོ་བོ་མེ་ཏྲིའི་ཞལ་ནས་འདི་སྐད་གསུངས། དེ་ནས་ས་གསེར་ཟླ་བ་མེ།། |
ཞེས་པའི་སེམས་བསྐྱེད་ཉི་ཤུ་རྩ་གཅིག་ངེས་དོན་དང་སྦྱར་ནས་གསུངས། དེ་མཁན་ཆེན་གོང་མའི་དྲུང་དུ་ཟུར་རེ་བ་ཞིག་ཞུས་པས། ཡ་མཚན་དགའ་སྟེ་དགའ་ཡོང་གསུངས། ཡི་དམ་ལྷས་གདམ་ངག་གསུངས་པ་ལ་སྔ་བ་ཡིན་ཏེ། མིའི་བློར་མ་ཤོང་ནས། སུ་ལ་ཡང་ཞུར་མ་བཅུག་ཡུན་རིང་དུ་གསངས་པ་ཡིན་ནོ།། |
དེ་ནས་ལོ་མང་ཞིག་ན་ཡི་གེར་བཀོད་དོ།། དེའི་ལོ་ལ་གོང་མ་ཞིང་ཁམས་གཞན་དུ་གཤེགས་དགོས་པའི་རྟགས་ངན་པ་བྱུང་ནས། ཆོ་འཕྲུལ་ལ་ཡང་། བདག་གིས་གཉིད་ལོག་པའི་གྲབས་བྱས་པ་དང་། སྙིང་ཐུག་ཐུག་བྱེད། ཧད་ཧད་བྱེད་པ་བྱུང་ནས་ཉལ་བ་མཚེར་ངག་ཆེར་ཡོད་པ་བྱུང་། |
དེ་ནས་ཞག་བཅོ་ལྔ་ཙམ་ནས། ནག་ཚངས་ཐོག་ལ་སྐོར་བ་བྱེད་ཅིང་ཡོད་པས། ནམ་ཕྱེད་ཙམ་ན་ལུང་པའི་མདའ་མ་གི་ནས་མེ་ཤིན་ཏུ་ཆེ་བ་ཞིག་བྱུང་ནས། འབུམ་མོ་ཚེའི་སྟེང་དུ་བྱུང་། དེ་ནས་དུམ་ཙམ་ན། ནག་ཚངས་ཀྱི་ཤིང་རགས་སྟེང་དུ་སླེབ་བྱུང་། |
གདོན་གྱི་ཆོ་འཕྲུལ་ཡིན་པར་འདུག་ནས། ད་ལན་མ་འཇིགས་པར་བྱ་དགོས་སྙམ་པ་བྱུང་ནས། ཁྲོ་རྒྱལ་འདུས་པ་ཤིན་ཏུ་གསལ་བ་ཞིག་བསྒོམས་ནས་དམིགས་པ་གཏད་པས། མེ་དེ་མདུན་དེར་ལྷུང་བྱུང་། དེ་ཞབས་འོག་ཏུ་མནན་པས། སྲེ་མོང་ཞིག་ཏུ་རེད་ནས། |
དེ་ཕར་ཡུད་ཚུར་ཡུད་འདུག་དེ་ནས་སྐད་ངན་རྩི་རིང་གི་ནུབ་ཕྱོགས་ལ་ཐོན་སོང་། དེའི་བར་ཆད་དེས། དང་པོ་གཟུགས་མ་བསྟན་པར་བར་ཆད་བརྩམས་ནའང་མ་རྩོམས། དེ་ནས་གཟུགས་བསྟན་ནས་བརྩམས་ཀྱང་མ་རྩོམས། ཕྱིས་གཉིད་ཀྱང་ཤིན་ཏུ་བདེ་བར་བྱུང་། དེ་ནས་ཞག་གཅིག་ན། |
ས་འོག་གདོལ་པའི་ཚུལ་དུ། མིའི་ལུས་ལ་ཆུ་སྲིན་གྱི་མགོ་བྱས་པ། སྦྲུལ་གྱི་མཇུག་མ་དང་། སྡིགས་པའི་རྭ་བྱས་པ། ལག་ན་སྦྲུལ་ཞགས་ནག་པོ་ཁྱེར་བ་ཞིག་མདུན་དུ་དཀྲོང་གི་བྱུང་། དེ་ནས་ནམ་མཁའ་ནས་ཁྱུང་དཀར་པོ་ཞིག་གཤོག་སྒྲ་འུར་འུར་བྱུང་ནས། |
དེའི་སྟེང་དུ་བབས་པས། དེ་གར་སོང་འདིར་སོང་བྱ་བ་མ་བྱུང་། དེ་ནི་ཀླུ་བདུད་འཇིགས་སུ་རུང་བ་ཞིག་ཡིན་པར་འདུག་ནའང་། བར་ཆད་དུ་མ་གྱུར་ཙམ་བྱུང་། དེ་ནས་ཁྱི་ཟླ་བའི་ཚེས་བཅུ་གཉིས་ལ། གོང་མ་ཉིད་པདྨ་ཅན་གྱི་ཞིང་ཁམས་སུ་བདེ་བར་གཤེགས། |
དེ་ནས་ཟླ་བ་བཅུ་གསུམ་དུ་སྨན་པའི་རྒྱལ་པོ་ལ་གསོལ་བ་བཏབ་པས། སྨན་བླ་བརྒྱ་ཚར་བདུན་སོང་། དེ་ནས་སྒྲོ་བ་དགོན་པའི་ཁྱམས་ཆུང་དུ་བཞུགས་ནས། གསེར་འབུམ་བཞེངས། དེ་ནས་ལོ་འཕོས་པའི་སྦྲུལ་ཟླ་ལ་གཤེགས་པའི་རྫོངས་ཤིན་ཏུ་བཟང་པ་ཞིག་བྱས། ནང་རྟེན་ལ་གསེར་སྐུ་མི་ཚད་མ་གཅིག་བཞེངས། |
དེ་ཡང་སྒྲོ་བ་ན་བཞུགས། དེ་ནས་བདག་གིས་ལོ་སུམ་ཅུ་སོ་གཉིས་ལོན་པའི་དུས་སུ་ཁྲི་ཐོག་ཏུ་བསྡད་པ་ཡིན། དེའི་དགུན་ཆོ་འཕྲུལ་ལ། ཡོན་བཙུན་དར་བཟངས་ཀྱིས་དམ་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། དེ་ནས་སྦ་རག་ཅེ་ས་པས་དམ་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བའི་དུས་སུ། ནུབ་ཅིག་རྨི་ལམ་ན། |
བུད་མེད་སྔོན་མོ་ཞིག་བྱུང་ནས། ཁྱེད་ལ་གདོན་ཁུ་ལེ་ལག་དགུ་བསྐུལ་བའི་རླུང་འཁོར་བཙུགས་ཡོད་པས། རྡོ་རྗེ་རྣམ་འཇོམས་ལ་ཡི་དམ་གྱིས་ལ་འབུངས་ཟེར། དེ་སྔགས་བསྲུངས་ཨེ་ཀ་ཛ་ཏི་ཡིན་པར་འདུག་དེ་ནས་ཚུར་སླེབས་དུས། ཉེ་གནས་བཟང་པོ་དར་ལ་བསྙད་བྱས་ནས། ཐམས་ཅད་མི་མཐུན་པ་དཀྲུག་ལོང་པ་ཞིག་བྱུང་། |
དེ་ནས་རྣམ་འཇོམས་ལ་འབུངས་པས། གཡོག་ཆུང་ཞིག་ཡོད་པའི་རྨི་ལམ་ན། མེ་ཚ་ཞིང་ཆེ་བ་ཞིག་འདུག་པས། དེས་སྦལ་པ་མང་པོ་བསྲེགས་ནས་ཕས་ཕས་ཟེར་བའི་སྐད་ཆེན་པོ་རྨིས་ཟེར། དེ་ཡང་རྣམ་འཇོམས་ཀྱི་རྟགས་ཡིན་པར་འདུག་དེ་དུས་སློབ་དཔོན་བློ་གྲོས་ཟེར་བ་དུ་དུར་ཁྲོད་པའི་མཚམས་པ་ཡིན་པ་ཞིག་བླ་མའི་བྱ་བྱེད་ངན་པས། མ་མགུ་བར་བདག་ལ་བློ་གཏད། |
དེ་ནས་ཁོ་ལ་ཞིང་ཆེན་མཚམས་པ་བཅོལ་ཡོད་པས། དུར་ཁྲོད་པས་གཟའ་བདུད་རྦད་བྱུང་། དེ་བདག་གིས་ཤེས་ནས་ཁྱོད་ལ་དུར་ཁྲོད་པས་རྦད་འདྲེ་འདི་བཞིན་གཏོང་གིན་འདུག་པས་ཟོན་གྱིས་བྱས་ཀྱང་། ཟོན་ཆག་གང་ཡང་མ་བྱས་པས། ནུབ་ཅིག་ཁོ་ལ་བྱུང་ནས། དེར་བདག་གིས་ཁོའི་རྩར་ཕྱིན་ནས། |
སློབ་དཔོན་ནའམ་བྱས་པས། ཤིང་སྡོང་འགྱེལ་ཡོང་བ་སུས་ལེན། རྡོ་རྣམས་གས་ཡོང་བ་སུས་ལེན། ས་རྣམས་གྲུམ་ཡོང་བ་སུས་ལེན་ཟེར་ནས། མིག་བསྒྲུད་ནས་བསྡད་འདུག་དེ་ནས་ཁོའི་སྙིང་ཁར་ཕྲེང་བ་བཞག་ནས། དམིགས་པ་ཞིག་གཏད་པས། |
ཁོ་ན་རེ། ཨ་མཁན་ཆེན་ནམ་མཁའ་རྒྱལ་མཚན་ང་མ་བསད་ཁྱེད་ལ་འབབས་ཟེར་ནས། ཁྱོད་ག་ནས་ཡོང་བྱས་པས། ང་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བ་ཡིན། ང་བསད་ཀྱང་ཤུལ་ནའང་བརྒྱད་ཡོད་ཟེར། ཁྱོད་གཟའ་བདུད་ཡིན་ནམ་བྱས་པས་ཡིན་ཟེར། |
འོ་ན་ཁོས་གསོལ་མཆོད་བྱས་པ་ལ་གནོད་པ་ཅི་ཡིན་བྱས་པས་ཁོས་ང་བོས་ནས་གཏོར་མ་མ་སྟེར་ཟེར། ཁྱེད་རང་ཡང་ང་ལ་གསོལ་མཆོད་བག་རེ་གྱིས། ངས་ཅི་གསུང་བསྒྲུབ་ཟེར། སློབ་དཔོན་གྱིས་གསོལ་བ་འདི་ཉིད་ཀྱི་ཡིན་མོད་བྱས་པས། བཤོས་བུ་དགུ་པ་གཏོང་། སྲོག་སྙིང་འདྲེན་དགོས་ཟེར་ཞིང་ཆོས་སྐྱོང་བྱེད་ནའང་། |
ང་རང་གི་རིང་ལ་ཆུན་ནའང་། ཕྱིས་དཀའ་བར་འདུག་པས་ཆོས་སྐྱོང་མ་བཅོལ་བར། ཕྱིས་མི་གནོད་པའི་དམ་བཅའ་གྱིས་བྱས་པས། ཁྱེད་ཀྱིས་ངའི་སྙིང་ཁར་ཐུགས་དམ་བཞག་པས་སྙིང་གནད་འདུག་པས། སློབ་དཔོན་ལ་ང་རང་གིས་གཏད་པའི་ཨ་མྲྀ་ཏ་ཡོད་པས་དེས་གསོས་ཟེར། དེ་བཙལ་བས་མ་རྙེད་པར། |
བདག་ལ་ཨ་མྲྀ་ཏ་ཡོད་པས་ཆང་དང་སྦྱར་ནས་བྱུགས་པས། ད་སོས་བྱུང་བས། ཁྱེད་ཀྱི་མི་ནོར་ཕྱུགས་དང་བཅས་པ་ལ་གནོད་པ་བྱེད་རི་ན་རོ་ལ་ཀན། ད་འགྲོའོ་ཟེར་ཙ་ན་ཉལ་གྱིས་སོང་། དེ་ནས་དྲན་པ་ཞིག་རྙེད་ནས་ང་ལ་ཅི་བྱུང་བ་ཡིན་ཟེར། ཁྱེད་རའི་ཆོས་སྐྱོང་བྱུང་བ་ཡིན་བྱས་པས་ཤིན་ཏུ་མ་བཟང་ངོ་ཚ་ཟེར། |
སློབ་དཔོན་སྟོན་ཉི་དེ་ན་བཞུགས་ཡོད་པས། ཁོང་གི་གསུང་ནས། ཁྱེད་ཀྱིས་ཐུགས་དམ་མཛད་པས་ཡིན་གསུང་། ཡིད་ཆེས་ཤིང་མཉེས་པའི་ཞལ་ཏ་མང་པོ་ཡང་གསུང་བ་བྱུང་། དེའི་དགུན་སྒྲོ་བ་དགོན་པར་ཟླ་བ་གཉིས་མཚམས་དམ་དུ་བྱས། ནུབ་མོ་གཉིད་མ་ཉལ་བར་མཚན་ཡལ་ཡང་བསྐོར་བ་བྱས། |
ལུས་ལྷའི་སྐུ་ལ་རྩེ་གཅིག་ཏུ་དམིགས་པ་གཏད། ངག་ཏུ་སྔགས་ཆུ་བོའི་རྒྱུན་བཞིན་བསྒྲངས། སེམས་ཁོང་གློད་པས་ཡུན་ཅུང་ཟད་ཀྱང་མ་སོང་བ་ལ་ནམ་ལངས་པ་བྱུང་། སེམས་ཟིན་པ་ཡིན་པའི་ཚོད་དུ་འདུག། ཁྱམས་ཆུང་ལ་སོགས་གང་དུ་བཞུགས་ནའང་། ས་གཞི་ཐམས་ཅད་སྔོ་ཕྱམ་མེ་བ་ཡོད་པའི་སྣང་བ་རང་བྱུང་། |
དེ་དུས་རྨི་ལམ་དུ། ཁྱི་ནག་པོ་ཞིག་བྱུང་ནས། སང་རེས་ཁྱེད་གཉལ་དུ་འབྱོན་པ་མཛོད་ཟེར་བ་ཞིག་རྨིས། དེ་ཅི་ཡིན་ན་བསམ་པ་བྱུང་རྩ་ཙ་ན། དེའི་སོས་དེ་བྲ་བོར་བའི་བཙུན་པ་བྱུང་ནས། མཁན་ཆེན་མོན་གྲབ་པ་གཤེགས་པའི་གཤེགས་རྫོངས་བྱེད་པའི་ཚོགས་དཔོན་ལ་འབྱོན་པ་ཞུ་ཟེར་ནས་སླེབས་བྱུང་། |
ཁྱི་ནག་དེ་ནི་མགོན་པོ་ཏྲག་ཤད་ཡིན་པར་འདུག་གོ། དེ་ནས་ཡང་ནུབ་ཅིག་རྨི་ལམ་ན། རྟ་པ་དམར་པོ་ཤ་ཁྱི་ཤ་རེ་བ་ཞིག་བྱུང་ནས། མྱུར་དུ་ཆོས་འཁོར་ལ་བཙན་འགྲོ་རྫ་སྒངས་སུ་གདན་འདྲེན་པ་ཡིན་ཟེར་བ་རྨིས། དེ་ནས་ཟླ་བ་གཉིས་ན་ར་ཚིགས་སུ་སློབ་དཔོན་ལྔ་དར་གྲོངས་པའི་བུམ་པ་ལ་གདན་འདྲེན་བྱུང་ནས་ཡར་ཡོང་ནས། མདོ་མཁར་གྱི་ལྕང་མ་རལ་གསུམ་ལ་ཡོང་པས། |
དེའི་ས་ཆ་ཐམས་ཅད་བྱིས་པ་ཁྲུ་གང་པ་ཞིག་གིས་ལྟེམ་གྱིས་ཁེངས་འདུག་པས། དེ་ཐམས་ཅད་བྲོས་སོང་། དེ་ནི་ས་བདག་ཡིན་པར་འདུག་གོ། དེ་ནས་ར་ཚིགས་སུ་སླེབས་ནས་ཞག་གཉིས་ཙམ་ན། དེའི་ཁྱི་ཐམས་ཅད་འདྲེ་ཟ་བྱེད་ཅིང་འདུག་གོ། གཞན་ཚོ་སྤྱང་ཁུ་ཡོད་པ་ཡིན་ཡོང་ཟེར་ཞིང་འདུག་པས་བདག་གིས་ཐོག་ཏུ་ཕྱིན་ནས། |
རྡོ་རྗེ་རྣམ་འཇོམས་ཀྱི་བསྲུང་འཁོར་ལེགས་པ་ཞིག་བསྒོམས་པས། དེ་མ་ཁད་ཁྱི་ཚོ་ལུང་པའི་མདའ་ལ་ཤད་ཚེར་སོང་ནས་ཨེན་པ་ཞིག་ན་ལོག་བྱུང་སྟེ། དེའི་སང་དགོང་ནས་ཁྱི་འདྲེ་ཟ་བྱེད་པ་དེ་ཆད་སོང་བས། སྔར་མོས་གུས་ཆུང་ནའང་། དེ་ནས་གུས་པོ་བྱུང་ཞིང་། དེ་དུས་བྱིན་རླབས་ཀྱང་ཤིན་ཏུ་ཆེ་བར་བྱུང་། |
དེ་ནས་བླ་བོ་རུ་ཕྱགས་ཕེབས་པའི་དུས་སུ། གྲ་འོར་བའི་གདན་འདྲེན་བྱུང་། དབོན་གཡོག་བཞི་བཅུ་ཙམ་གྱིས་གཉལ་ལ་ཕྱིན་པས། སྨྱུ་རུ་ན་མར་སླེབས་པའི་དུས་སུ། བུད་མེད་ཕག་མགོ་མ་གཅིག་གིས་རས་ཁ་གང་ཕུལ་བྱུང་། དེ་ནི་བྲ་བོར་གྱི་གཞི་བདག་མ་ཡིན་པར་འདུག་གོ། |
དེ་ནས་བཀྲ་ཤིས་སྒང་ལ་སླེབས་ཙམ་དེར། རྟ་སྔོན་ཞོན་པའི་ཧོར་འདྲ་ཞིག་གིས། ལུག་གི་མགོ་ཞིག་ཕུལ་ནས་ཕྱག་མི་འཚལ་བར་སོང་། དེ་ནི་ཡུལ་དེའི་ལྷ་བཙན་ཞིག་ཡིན་པར་འདུག། དེའི་ནུབ་མོ་བྲ་བོར་ནས་མཉེལ་མཉེས་ཇ་ལེགས་པོ་བྱུང་། དེའི་སང་བྲ་བོར་དུ་ཕྱིན་པས། |
བྲ་བོར་གྱི་ལྕགས་རི་ལ་སྦྲུལ་འཇང་སེར་ཞིག་གིས་དཀྲིས་འདུག་ཀླུ་རྗེ་རིགས་ཡིན་པར་འདུག་པས། གཞི་བདག་ལེགས། བྲ་བོར་བ་ལ་དར་པོ་ཡོང་བར་འདུག་བསམ་པ་བྱུང་། དེ་ནས་ཁོང་ལ་བྱ་པའི་དབང་ཆའི་བུད་བྱུང་ནས། བདག་ལ་ཞུ་བ་བྱས་ནས། ཇོ་གདན་ལ་ཚོགས་དཔོན་བཅོལ། |
ཕྱག་རྟེན་ཐམས་ཅད་བདག་ལ་ཕུལ་ནས། ཞག་མང་དུ་ཞབས་ཏོག་ཤིན་ཏུ་ལེགས་པ་བསྒྲུབས། དེ་ནས་བདག་གི་ཆིབས་པ་ལེགས་པ་གཅིག་གིས་མགོ་འགོ་བྱས། དགུ་ཚན་ཞིག་ཕུལ། གཡོག་རྣམས་ཀྱིས་སྣམ་བུ་ལེགས་པོ་རེ་ཕུལ་བས། ཁོང་ཡང་མཉེས་པར་བྱུང་། |
གྲྭ་པ་རྣམས་ལ་ཇ་བུར་བཟང་བ་ཞིག་བྱས། དེ་ནས་བྱ་བ་ཁྲི་དཔོན་བཀྲ་ཤིས་སྒང་པ་སྤྱི་སྒོ་དང་བཅས་པས། ཇ་བུར་འབུལ་བ་ལ་སོགས་ཤིན་ཏུ་བཟང་བ་བྱས་ནས་ཚུར་བྱོན་ཏེ། མང་ཕུ་ལ་སླེབས་པའི་དུས་སུ་རྟ་སྔོན་པོ་ཞོན་པའི་བཙན་ཞིག་མར་ཟན་ཞིག་དང་ཕུབ་ཅིག་ཕུལ་བྱུང་། དེ་ནས་སྒོ་བོད་དུ་ཕྱགས་ཕེབས་ཏེ། བསྙོས་བོར་བོད་པས་མགོ་བྱས། |
འགོ་པ་ཐམས་ཅད་ཀྱིས་ཞག་གསུམ་བཞིའི་བར་དུ་བསྙེན་བཀུར་འབུལ་བ་རྒྱ་ཆེར་བྱས། དེའི་དུས་སུ་རྟ་ངང་པ་ཞོན་པའི་མི་དཀར་དར་མདུང་དཀར་པོ་ཁྱེར་བ་ཞིག་ན་རེ། ཕྱག་ལེགས་པ་ཅིག་བཙལ་ནས། ང་ལ་གྲིབ་ཕོག་བྱུང་བས། ཁྱེད་ཀྱིས་རྡོ་རྗེ་རྣམ་འཇོམས་ཀྱི་ཁྲུས་ཆུ་ཞིག་ཞུ་ཟེར། གཏིང་ལ་སྒྲུབ་པ་བྱས་ནས་བྱའོ་བྱས་པས། |
བསྒྲུབ་པའི་ཁྲུས་ཆུ་ལེགས་པོ་ཞིག་ཁྱེད་རང་གི་ཕྱག་ན་ཡོད་ལགས་པས། དེ་ནས་བདག་གིས་དམིགས་པ་ཞིག་བྱས་ནས་སྔགས་ཤིག་བཏབ་པས། དེའི་ཁ་འཚུལ་དཀར་ལྷག་གིས་སོང་ཁོ་ན་རེ་རུ་བ་འདི་ཡང་མཚོ་ལ་དར་ཆགས་པ་འདྲ་བས་དར་ཡོང་ཟེར། དེ་ནི་སྒོ་ལྷ་རི་ཞུར་ཡིན་པར་འདུག། དེ་ནས་ཚུར་ཡོང་ནས་བླ་བོ་དགོན་པར་སླེབས། དེའི་རྟིང་ལ་ཁམས་པ་རྡོ་རྗེས་ཆོས་འཁོར་ལ་གདན་དྲངས། |
འབུལ་བ་རྒྱ་ཆེན་བྱས་པའི་དུས། ཆོས་བཤད། སེམས་བསྐྱེད་རྒྱ་ཆེན་བྱས་པས། ཆོས་ཉན་པ་ལ་བུད་མེད་ཤར་ཕྱོགས་ནས་ཡོང་བ་ཡིན་ཟེར་བ་མང་པོ་འདུག་ཆོས་ཉན་ཐམས་ཅད་ཀྱིས་མཐོང་བ་ལ་བྱ་རྒོད་མང་པོ་ཆོས་ཉན་དུ་བྱུང་། ཅི་ཡིན་ན་ཟེར་བ་བྱུང་ངོ། དེའི་གཏིང་ལ་ཡི་དམ་ལྷའི་སྒོམ་སྒྲུབ་ལེགས་པོ་བྱས། |
དག་ནུས་ཆེ་བར་བྱུང་། མཚམས་དམ་དུ་བྱས་སོ། ཡང་བདག་གིས་ལོ་སུམ་ཅུ་སོ་གསུམ་ལོན་པའི་སྐབས་སུ། ཕྱག་གི་དང་མ་གཟིམས་ཁང་ན་ཡོད་པས། བྱ་ལོ་བྱའི་ཟླ་བའི་ཚེས་བརྒྱད་ཀྱི་ནམ་ལངས་ཆ་ལ། ཅི་ཡང་དམིགས་པ་མེད་པའི་ངང་ནས། |
རང་གི་མདུན་དུ་ནམ་མཁའ་ལ་ཏཾ་དཀར་པོ་ཞིག་ཤར་བྱུང་། དེ་ལ་ཡུན་རིང་པོ་བལྟས་པས། འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་ཞིག་ཏུ་གྱུར། དེའི་སྟེང་དུ་ཏཾ་དཀར་པོ་ཞིག་བྱུང་བ་ལས་ཀྱང་འཁོར་ལོར་གྱུར། དེ་གཉིས་སྦར་འཛིངས་སུ་གྱུར་ནས། ཕྱི་ནང་ཀུན་ཏུ་གསལ་བ། |
དབྱིབས་སྒོ་ང་ལྟ་བུའི་ནང་དུ། སྒྲོལ་མ་དཀར་མོ་ཞལ་གཅིག་ཕྱག་གཉིས། དགུང་ལོ་བཅུ་དྲུག་ལོན་པའི་ཚད། སྐུ་སྣང་ལ་རང་བཞིན་མེད་པ་ཞིག་བྱོན་ནས། སྒྲོལ་མའི་འཆི་མེད་ཀྱི་སྒྲུབ་ཐབས་གནང་། དེའི་གནངས་ཚེས་བཅུའི་ཞོགས་པ་ཆོས་སྐྱོང་འདྲ་བའི་བུད་མེད་སྔོན་མོ་ཞིག་ན་རེ། |
ང་དང་སྒྲོལ་མ་དཀར་མོ་གཉིས་ཀྱིས་བདུད་ཀྱི་དམག་དཔུང་ཟློག་ཡོད་ཟེར་བ་བྱུང་། དེ་དུས་བདག་དང་དཔོན་པོ། གྲྭ་པ་ཐམས་ཅད་ལ་ཆགས་ཆེ་བར་ཡོད་ནའང་། དེའི་བྱིན་རླབས་ཀྱིས་སྐྱོན་དུ་གྱུར་པ་མ་བྱུང་ངོ།། དེ་ནས་བདག་གིས་ལོ་སུམ་ཅུ་སོ་དྲུག་ལོན་པའི་དུས་སུ། ཐིག་ཕྱིར་ཁྱིའི་ཟླ་བའི་ཚེས་བཅོ་ལྔའི་ནུབ་མོ་ས་གཞི་ཐམས་ཅད་སྔོ་ལམ་གྱིས་བྱུང་བའི་ངང་ལས། |
དཔལ་ཕྱག་ན་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ། སྦྲུལ་དང་རིན་པོ་ཆེས་བརྒྱན་པ། ཤིན་ཏུ་ཁྲོས་པ་ཞིག་གསལ་ལམ་གྱིས་བྱོན་བྱུང་། གནོད་བྱེད་གདོན་གྱི་སྤྲུལ་པ་ཅི་ཡང་ཡོང་བསམ་ནས། ཕྱག་ན་རྡོ་རྗེའི་བསྐྱེད་རིམ་བསྒོམས། དཔལ་ཕྱག་ན་རྡོ་རྗེ་གསལ་པོ་ཞིག་སྤྱན་དྲངས་ནས་དེ་ཉིད་ལ་བསྟིམ་པས། |
དེ་གཟི་བརྗིད་ཆེ་བར་གྱུར་ནས། དེའི་ཞལ་ནས། ལས་ཀྱི་རྡོ་རྗེ་ཞེས་བོས་ནས། སྦས་པ་མིག་འབྱེད་ཅེས་བྱ་བའི། ལྟ་སྒོམ་སྤྱོད་གསུམ། གཞི་ལམ་འབྲས་གསུམ་གྱི་ཆོས་ཟབ་མོ་ཞིག་གནང་ནས། |
འདི་ནི་ལོ་དགུ་གཞན་ལ་གཞན་ལ་གསོངས་གསུངས་ནས། ལོ་བཅོ་ལྔ་ནས་གྲགས་བློ་ལ་སོགས་ཀྱིས་ནན་ཆེར་ཞུས་པའི་ངོར་ཡི་གེར་བཀོད་པ་ཡིན། དེ་ནས་ཡང་ལོ་སུམ་ཅུ་སོ་བདུན་ལོན་པའི་སྐབས། བླ་བོ་དགོན་པ་ན་བསྡད་ཡོད་པས། སྤྲེ་ཟླའི་ཚེས་གཅིག་གི་ནུབ་མོ་རྨི་ལམ་ན། ནམ་སྟེངས་འབུམ་པ་ལ་བསྐོར་ནས་འདུག་པས། |
སྤེའུ་ལྕོག་མདུན་གྱི་སྐོར་ལམ་དེ་ན། ཇོ་ཇོ་ཨ་ཏི་ཤ་བྱོན་པ་ཡིན་ཟེར་བ་གཅིག་དང་། གཞན་གཉིས་ཏེ་པཎ་ཞྭ་གོན་པ་གསུམ་བྱོན་འདུག་ཨ་ཏི་ཤ་བྱོན་ན་རེ་དགའ་སྙམ་ནས། དེར་ཕྱིན་ནས་ཕྱག་བཙལ་བས། ཆ་ལུགས་མགོ་གཏུམས་སྐྱ་ཐལ་གྱིས་རེད་སོང་། དེ་ཁོང་མིན་པ་འདྲ་མ་ལེགས་སུ་ཡིན་ནམ་བསམ་པ་བྱུང་། |
རྒྱ་གར་པའི་པཎྜི་ཏ་རང་ཡིན་ལས་ཆེ། ཟས་འབྲེལ་བྱེད་དགོས་བསམ་ནས། ནང་དུ་གདན་དྲངས་ཟས་འབྲེལ་ཞིག་དྲངས་ཙ་ན་གཉིད་སད་བྱུང་བས། ཤིན་ཏུ་མ་ལེགས་འདྲེ་ངན་ཞིག་གིས་སླེབས་བྱུང་བསམ་ནས་སེམས་ཚབ་ཆེར་བྱུང་། ནམ་ལངས་ནས་ཆོས་སྐྱོང་ལ་སོགས་ཀྱི་གཏོར་མ་ཞིག་གཤོམས་ཀྱིན་ཡོད་ཙ་ན། སྨན་འདིངས་འབུམ་སྐྱབས་ཀྱིས། |
ཞིང་དང་ན་ཁ་ལ་རྟ་རྒྱབ། ཉིད་ཀྱི་གཡོག་དང་བཙུན་པ་རྣམས་ཀྱིས་བརྡུངས་པས། དེ་ལ་བརྟེན་ནས་ཁ་མཆུ་ཐུག་ཀྱང་། ཁྲིགས་ལ་སྐྱོན་པས། ནུབ་གཅིག་རྨི་ལམ་ན། བུད་མེད་རྒྱགས་མ་གཡུའི་ཐོད་ལ་གསེར་གྱི་གན་ཇི་རས་བརྒྱན་པ། |
གཡས་ནས་གཡུའི་སྤྱང་མོ་འགྱེད་པ། གཡོན་ནས་གསེར་གྱི་སྟག་འགྱེད་པ། བུད་མེད་བདུན་གྱིས་བསྐོར་བ་ཞིག་ན་རེ། ཁྲིགས་བྱས་པ་ལ་བློ་མི་ཐུབ། ཚར་མ་ཆོད་བར་ལ་དགྲ་བྱེད་པས་ཟོན་གྱིས་ཟེར། ཚར་ཆོད་པ་ནམ་ཡོང་བྱས་པས། |
ལོ་བཞི་ལ་ཚར་ཆོད་ཡོང་ཟེར། དེ་ལོ་གསུམ་ཙམ་སོང་བའི་དུས་སུ་རྨི་ལམ་ན། སྨན་འདིངས་པ་ཞིག་གི་ཁང་པར། གཞིས་ཡས་མས་ནས་བྱོན་ཙ་ན། དེར་བུད་མེད་གསུམ། མོན་གསུམ་གྱིས་ཕྱིན་ནས། |
ཁང་པ་དེར་ཐབ་བཅོས་ནས་བུ་ཆུང་གི་ཤ་འཚོད་ཀྱིན་འདུག་པ་ལན་ཁ་ཅིག་རྨིས་བྱུང་། དེ་ནས་ཟླ་གཅིག་ཙམ་ན་ཁོང་ཕ་བུ་གསུམ་ཤི་བྱུང་། ཁོས་སྨན་འདིངས་པའི་ཕུད་ཆེ། ཤུད་ཕུ་བ་ལ་སྐྱེལ་བས་ལན་ཞེས་གླེང་བ་བྱུང་། དེ་ནས་ཞག་ཁ་ཅིག་ན། སྨན་འདིངས་འབུམ་སྐྱབས་ཀྱི་བུ་བསོད་ནམས་འབུམ་ཁ་མཆུའི་རྩ་བ་ཐམས་ཅད་ཁོ་ལ་ཐུག་པ་ཞིག་ཡོད་པས། |
ཁོ་ཁྲག་བསྐྱུགས་ནས་ཤི། དེ་དུས་ལོ་མ་འཁོར་བ་ལ་མི་གཅེས་བཅོ་བརྒྱད་ཁྲག་བསྐྱུགས་ནས་ཤི་ནས་མཐུའི་གྲགས་པ་ཡང་ཆེར་བྱུང་། དེ་དུས་སྔོན་གྱི་འབྲེལ་བ་ཞིག་གིས། ཆོས་སྐྱོང་ལ། སྦས་ཡུལ་མཁན་པ་ལྗོངས་ནས། ནག་པོ་འཛུམ་མེད། |
ཟུ་ར་རས་སྐྱེས། སྐྲག་མེད་ཉི་ཤར་གསུམ་ལ་བདུད་དཔག་མེད་ཀྱིས་བསྐོར་བ། མ་བསྒྲུབས་པ་ལ་འགོ་བ་བྱུང་ནས། གར་སྦུད་དུ་འགྲོ་བ་བྱུང་ནའང་། ཁོང་ཚོས་སེམས་བསྒྱུར་ནས། མིའི་མཁར་ཁྱིམ་བཙན་པ་དང་། |
ས་མདོ་འགག་ཅན་ཡོད་པ་མཐོང་ཙ་ན། འདི་ཕྲོགས་ནས་ཁ་མཆུ་ཞིག་བྱེད་དགོས་བསམ་པ་རང་བྱུང་། ང་མིང་ཆོས་པར་བཏགས་ནས་བསམ་ངན་འདི་ཡོང་བ་འདི་ཅི་ཡིན་ནམ་སྙམ་པ་བྱུང་། བསམས་པས་བདུད་དེ་རྣམས་བརྟེན་པས་ལན་པར་ཤེས་ནས། གཏོར་མ་དེ་བྱེད་པ་དེ་བཤོལ་བས། དེ་མ་ཁད་ནས་བློ་གནོད་ངན་པ་དེ་ཞི་སོང་། |
བདུད་འདི་འགོ་ཡང་ཆོས་དང་མི་མཐུན་པར་འདུག་གོ། དེའི་དུས་དགེ་སྦྱོར་ལ་དེ་ཉིད་བཅུ་དྲུག་ཚར་རེ། གཟུངས་ཆེན་མོ་ཚར་བདུན་བདུན། སྔ་གྲོ་དྲོ་སྨན་བླ་ཚར་རེ། ཕྱི་གྲོ་དྲོ་གཏོར་མ་སྟོང་རྩ་རེ། ཆབ་གཏོར་བ་སུ་ཀེ་འཆག་མེད་འདི་དང་། |
ཐུགས་དམ་གཏོར་མ་ཆ་ལྔ་པ་འདི་རྣམས། ལོ་ཉི་ཤུ་རྩ་བདུན་ནས་དམ་བཅའ་བྱས་ཏེ། ཐུགས་དམ་གཏོར་མའི་བསྔོ་ལུགས་ནི། དང་པོ་ཤཱཀྱ་ཐུབ་པས་གཙོ་བྱས། དཀོན་མཆོག་སྲིད་སྲི་ཞུའི་མགྲོན་ལ་ཕུལ་ནས། ཐུབ་པའི་བསྙེན་པ་བརྒྱ་རྩ་རེ་བྱས། |
གཉིས་པ་དེ། མ་མོ་མཁའ་འགྲོ་སྟོང་རྩ་བརྒྱད་ལ་སོགས་ལ་བསྔོས་ནས། ཆེ་མཆོག་དང་མ་མོ་སྤྱིའི་བསྙེན་པ་བརྒྱ་རྩ་རེ་བྱས། གསུམ་པ་དེ་མགོན་པོ་བསྟན་བསྲུངས་སྲུང་དམ་ཆེན་རྣམས་ལ་ཕུལ་ནས། མགོན་པོ་སྤྱིའི་བསྙེན་པ། དགོས་སྒོའི་བསྙེན་པ། |
བཟླས་རྒྱུན་རྣམས་བརྒྱ་རྩ་རེ་བྱས། བཞི་པ་དེ་ཐུགས་རྗེ་ཆེན་པོ་ཞི་ཁྲོས་གཙོ་བྱས་རིགས་དྲུག་སྤྱི་ལ་བསྔོས་ནས། ཐུགས་རྗེ་ཆེན་པོ་ཞི་ཁྲོ་གཉིས་ཀྱི་བསྙེན་པ་བརྒྱ་རྩ་རེ་བྱས། སེམས་ཅན་སྡུག་བསྔལ་ཅན་སྤྱི་ལ་དམིགས་ནས་མུ་ཁ་ལེའི་བསྙེན་པ་བརྒྱ་རྩ་རེ་བྱས། ལྔ་པ་དེ་ཁ་འབར་དཀར་མོ་ལ་བརྟེན་ནས། རྦད་རྩོད་ཟློག་པའི་བསྙེན་པ་དང་བསྔོ་ལུགས་བྱས་པས། |
རྐྱེན་ཟློག་གི་དགེ་སྦྱོར་ཟབ་མོ་ཞིག་བྱུང་བསམ་པ་བྱུང་ཞིང་། ཡི་དམ་ལྷའི་ཞལ་ནས། གཏོར་མ་བཟླས་བརྗོད་དང་བཅས་པ་འདི་ལྟ་བུ་ནི་སེམས་ཅན་སྤྱི་ལ་ཤིན་ཏུ་ཕན་པས་བསོད་ནམས་བསམ་གྱིས་མི་ཁྱབ་པ་རྒྱུད་ཐོག་ཏུ་ཐོབ་ཡོད་དོ། གསུང་བ་བྱུང་བས། གཏོར་མ་གཏོང་བ་ལ་ཡང་སེམས་རབ་ཏུ་སྤྲོ་བར་བྱུང་ངོ། དེ་ནས་ལོ་སུམ་ཅུ་སོ་དགུ་ལོན་པའི་དུས་སུ། |
སྒྲོ་བ་དགོན་པར་ཚེས་བཅུ་བཅོ་ལྔའི་ནུབ་མོ། དཔལ་ཕྱག་ན་རྡོ་རྗེའི་བསྐྱེད་རིམ་གསལ་པོ་ཞིག་བསྒོམས་ནས། བཅོས་མ་མ་ཡིན་ཞིང་། བློ་དང་འདྲེས་ངེས་པའི་གསོལ་བ་ཞིག་བཏབ་པས། མདུན་གྱི་ནམ་མཁའ་ལ་དཔལ་ཕྱག་ན་རྡོ་རྗེ་བྱོན་ནས་བཤུམ་གྱིན་འདུག་པའི་གསུང་ནས། གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས། |
ལུས་ལྷའི་སྐུ། ངག་སྔགས་ཡིད་ཆོས་ཉིད་དང་མ་བྲལ་བ་དགོས་པ་ལ། ཐ་མལ་གྱི་ཤེས་པས། ལས་མི་དགེ་བ་སྣ་ཚོགས་ལ་འཇོལ་ཉོག་ཏུ་སྤྱོད་ཅིང་འདུག། བདེ་བ་འདོད་ཀྱང་སྡུག་བསྔལ་གྱི་རྒྱུ་ལ་སྤྱོད་པ་རེ་སྡུག་གསུང་གིན་བཤུམ་ཞིང་འདུག་དམ་ཚིག་ཉམས་པ་ལ་སོགས་ཉེས་པས་གོས་པ་རྣམས་གསོ་བའི་ཐབས་ཁྱད་པར་ཅན་གནང་བར་ཞུ་བྱས་པས། འདི་ནས་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན། |
དེ་བཞིན་གཤེགས་པ་རྡོ་རྗེ་སྙིང་པོས་གསུངས་པའི་གསང་བ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བའི་བསྐྱེད་རྫོགས་ཉམས་སུ་ལོང་ཞིག་གསུངས་ནས། གསང་བ་བསམ་གྱིས་མི་ཁྱབ་པ་གསུངས། དེ་ནས་བཞི་བཅུ་ཞེ་གསུམ་ལོན་པའི་དུས་སུ། ཡང་རྦད་འདྲེའི་གནོད་པ་ཁ་མང་དུ་བྱུང་ཞིང་། ཁྱད་པར་དུ་གཟའ་བདུད་གྲུབ་པ་ཞིག་གིས་གཟའ་རྡུད་ནས། འཁོར་ལ་དངོས་སུ་བབས་ནས། |
ང་ཕྱག་ན་རྡོ་རྗེ་ཁྱོད་ལ་ཡོང་བ་ཡིན་ཏེ། ཁྱོད་ལ་བྱ་ཐབས་མི་འདུག་པས། ཁྱེའི་འཁོར་གཅིག་ང་ལ་བཀུར་ཟེར་བས་ལྷང་ལྷང་དུ་བ་བྱུང་། དེ་ལ་དམིགས་པས་གཟིར་བས། སྐད་ངན་ཆེར་འདོན་ཞིང་ང་སྔགས་མཁན་འདི་ཞེས་བྱ་བའི་རྩ་ནས་ཡོང་། ཁོའི་ཐོང་ཁུག་ན་ཟངས་ཁབ་གསེར་དཀྲིས་པ་ཡོད། |
ངའི་སྒྲུབ་ཐབས་ཆ་ཚང་བ་ཁོའི་མཆན་ཁུང་ལ་བཏགས་ཡོད་པས་ཕྲོགས། ཁོ་མ་བསད། ང་རང་ཁྱེད་ཅི་གསུང་བསྒྲུབ་ཟེར། རྡོ་རྗེ་རྣམ་འཇོམས་ཀྱི་གཟུངས་ཆུ་ཁོའི་ཁར་བླུགས་པས། ཁྱེད་ལ་འབབས་མི་ནོར་ཀུན་ལ་གནོད་པའི་ལས་བྱེད་རིའི་གནའ་མནའ་ཡང་ཡང་བསྐྱལ་ན་ཡང་། རྦད་མཁན་ནུས་པ་ཅན་ཞིག་འདུག་པས། |
ཡང་ཡང་ཁོ་ལོག་བྱུང་ཡང་། ཁོའི་སྲོག་སྙིང་མགོ་མཇུག་ཀློག་སློག་ནས་བསྒྲུངས་པས་གནོད་པ་དང་། མི་ལ་བབས་ཡོང་པ་དེ་ཞི་སོང་། དེ་ནས་ཟླ་བ་གཅིག་ནས་ཁོ་ལ་ཤི་ཆད་མཚམས་མེད་བྱུང་། དེ་ནི་མཐུ་ལོག་པ་ཡིན་པར་འདུག་སྟེ། དཔལ་ཕྱག་ན་རྡོ་རྗེའི་བྱིན་རླབས་ཡིན། |
དེ་དུས་གཏད་ཁ་བཅུ་གསུམ་རྒྱབ་ཡོད་ཟེར་བ། རང་གི་ཆོས་སྐྱོང་གིས་དངོས་སུ་གསུང་བ་བྱུང་སྟེ། གཏད་འདོན་གྱི་དམིགས་པ་མཚོན་རེ་བྱས་པས། སྐྱོན་ཚོར་བ་མ་བྱུང་། དེ་ནས་ཡང་ནམ་སྟེང་ན་ཡོད་པས། གཅིག་གིས་གཉོང་ཁ་ཅད་ནས་མི་ལ་བབས་ཏེ། |
ང་ཡོང་ནི་ཉི་མ་ནུབ་ནས་ཡོང་། ལྷོ་བྲག་མཁར་ཆུ་མའི་ནས་ཡོང་། ཟེར་བ་འདུག་དེ་བདག་གིས་དམིགས་པས་གཟིར་བས། མཁན་ཆེན་ནམ་མཁའ་རྒྱལ་མཚན། ཁྱེད་རའི་ཆོས་སྐྱོང་བྱེད། བཀའ་ཉན། |
གསུང་སྒྲུབ། ང་ལ་གཏོར་མ་མཚོན་རེ་ཁྱོག་ཟེར། དེ་ནས་གཏོར་མ་བྱིན་པས། ལྷ་མོའི་གསུང་ནས་ཀྱང་། གཞོང་ཁ་འདི་དཔའ་བོ་མཐུ་བོ་ཆེ་ཞིག་འདུག་གསུངས་བ་བྱུང་། ཆོས་བྱེད་ལ་དཀར་ལ་སྙིང་ཉེ་བ་ཅིག་འདུག་གོ། |
དེ་ནས་ལོ་བཞི་བཅུ་ཞེ་དགུ་ལོན་པའི་དུས་སུ། སྒྲོ་བ་དགོན་པ་ན་ཡོད་པས་སྦྲུལ་ཟླའི་ཚེས་བཅུ་བཅོ་ལྔའི་ནུབ་མོ། འཁོར་གྱི་རྣམ་ཐར་ལ་བརྟེན་ནས་སྐྱོ་བ་དྲག་པོ་སྐྱེས་པའི་སྐབས་སུ། གདོང་ཆུ་མཆི་མས་ཁེངས་པའི་གསོལ་བ་བཏབ། ཕྱག་ན་རྡོ་རྗེའི་བསྐྱེད་རིམ་གསལ་པོ་ཞིག་བསྒོམས་པའི་ཉམས་སྣང་ལ། ང་རང་གི་རྟ་སྔོན་པོ་གཅིག་ཡོད་པ་དེ་ཞོན་ནས་འདུག་ཙ་ན། |
དུ་རུ་ཀའི་དམག་བྱུང་བ་ཡིན་ཟེར་ནས། མི་མང་པོ་དེད་ནས་བྲོས་པས། རི་ཆེན་པོ་ཞིག་གི་སྟེང་དུ་སླེབས་བྱུང་། དེ་ནས་བྱང་ཕྱོགས་སུ་བལྟས་པས། ཆུ་དང་ཐང་ཆེན་པོ་འདུག་དེའི་བྱང་ངོས་ན་བྲག་རྡོ་རྗེ་བསླང་བ་འདྲ་བ་ཞིག་འདུག་རི་ཕ་གིའི་སྟེང་དུ་སླེབ་ན་ང་ལ་འཇིགས་པ་མི་ཡོང་བར་འདུག་ཕྱག་ན་རྡོ་རྗེ་ཤེས་སྙམ་ནས་རྟ་དེ་ལ་ལྕག་ཅིག་བརྒྱབ་པས་སྐད་ཅིག་ཉིད་ལ་ཚེགས་མེད་པ... |
ངའི་རྟ་འདི་ཐ་མལ་པ་ཞིག་མིན་ནམ་སྙམ་པ་བྱུང་། དེ་ན་ཡོད་པའི་མི་ཕོ་མོ་རྣམས་ཁྲོས་པ་འདྲ་བ། སྨ་ར་དང་སྨིན་མ་ཁྱུག་ཁྱུག་བྱས་པ་མང་པོ་འདུག་རི་འདི་ལ་རི་ལྟད་ཅིག་བྱེད་དགོས་སྙམ་ནས་ཉུལ་ཞིང་བལྟས་པས། བུད་མེད་སྔོན་མོ་ཞིག་ན་རེ་འདི་ན་ལྟད་མོ་མེད། ལྟད་མོ་བྱེད་ན་རི་འདིའི་རྩེ་ལ་སོང་ཟེར། དེ་ནས་རི་ཞིག་སྣང་བས་དེ་ལ་འཛེགས་ཕྱིན་ཙ་ན། |
ཉི་མ་ཤར་མ་ཐོག་འདྲ་བ། ས་གཞི་ཐམས་ཅད་བེ་དུརྱ་བཻཌཱུརྱ་ལས་གྲུབ་པ། དེའི་སྟེང་ན་གཞལ་ཡས་ཁང་སྟོད་མཆོད་རྟེན་རྩེ་ལྔ་པའི་རྣམ་པ་ལ། སྨད་གྲུ་བཞི་སྒོ་བཞི་རྟ་བབས་བང་རིམ་བཞི་དང་ལྡན་པ། ཤིན་ཏུ་ལེགས་པ་བྲག་གི་རྣམ་པ་འདུག་དེའི་ཕྱི་ལ་རྩི་ཤིང་ནགས་ཚལ་དང་། བྱ་སྣ་ཚོགས་འདུག་པ་ཡང་མཆུ་གཤོག་ཐམས་ཅད་རྡོ་རྗེའི་རྣམ་པ་འདུག་ཅིང་། |
དམ་པའི་ཆོས་ཀྱི་སྐད་འབྱིན་པ། དེའི་མཐའ་ལ་ནམ་མཁའི་བར་སྣང་ལ། བུད་མེད་མཛེས་མ་མང་པོ་མཆོད་རྫས་ཐོགས་ནས་བསྐོར་བ་བྱེད་ཅིང་འདུག་གོ། དེའི་ཁྲོད་ལ་བདག་གིས་ཀྱང་། ངག་ཏུ་མ་མ་ཡོ་གི་ནི་རུ་ལུ་རུ་ལུ་བློ་ཟེར་ཞིང་། བསྐོར་བ་བྱས་པས། |
བུད་མེད་ཚོ་ན་རེ། ཁྱེད་རང་གི་བླ་མ་དང་མཇལ་དུ་གཤེགས་གསུངས་ནས། ཤར་གྱི་སྒོ་ལ་ཕྱིན་པས་བུད་མེད་དཀར་མོ་ཞིག་ན་རེ་ལྷོ་སྒོ་ལ་བྱོན་ཟེར། དེ་ནས་ལྷོ་སྒོ་ལ་ཕྱིན་པས་སྒོ་བཅད་འདུག་བུད་མེད་སེར་མོ་ཞིག་འདུག་པ་དེ་ལ། འདིའི་སྒོ་སུས་འབྱེད་པ་ཡིན་བྱས་པས། ངས་འབྱེད་པ་ཡིན་ཟེར། |
ཁྱེད་ཀྱིས་ཕྱེ་དང་བྱས་པས། ངས་ཁྱེད་ལ་སྙིང་གཏམ་ཞིག་བཤད་པས་དེ་ཁྱོད་ཀྱིས་གཞན་ལ་བཤད་ཟེར་ནས་སྒོ་འབྱེད་དུ་མ་ཉན་ཙ་ན། དེའི་ནང་ནས་ཁྲོ་བོ་ལག་ན་ཕུར་བུ་ཐོགས་པ་འཇིགས་སུ་རུང་བ་ཞིག་བྱུང་ནས། ངས་ཕྱེ་བས་ཆོག་ཟེར་ཕྱེ་བྱུང་། དེའི་ནང་དུ་ཕྱིན་པས་ཕྱི་ནང་གསལ་ལ་དྭངས་པ་འོད་ཟེར་སྣ་ཚོགས་འཕྲོ་བའི་དབུས་དེ་ན། སྐུ་ཆེན་པོ་གསང་བདག་གི་ཆ་ལུགས་ཤིག་འདུག། |
འདི་ངའི་ཡི་དམ་དེ་ཡིན་པར་འདུག། བླ་མ་དེ་གང་ན་བཞུགས་སྙམ་བལྟས་པས། དེའི་ཐུགས་ཀ་ནས་འོད་ཟེར་རྣམ་པ་ལྔ་འཕྲོས་པས། དབུས་དེར་སྐུ་མདོག་སྔོ་ལྗང་ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། ཕྱག་གཡས་མཆོད་སྦྱིན་ཨུཏྤ་ལའི་ཡུ་བ་ནས་འཛིན་པ་སྙན་གྱི་ཐད་དུ་ཁ་བྱེ་བའི་སྟེང་དུ་གསེར་གྱི་རྡོ་རྗེས་མཚན་པ། གཡོན་ཐུགས་ཀ་ན་མེ་ཏོག་ཨུཏྤ་ལའི་ཡུ་བ་ནས་འཛིན་པ་སྙན་གྱི་... |
སྦྲུལ་དང་རིན་པོ་ཆེས་བརྒྱན་པ། ཁྲོ་བོའི་ཆས་ཐམས་ཅད་ཀྱིས་བརྒྱན་ཞིང་། ཞལ་ཁྲོ་ལ་འཛུམ་པ། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་ཀློང་ན་བཞུགས་པ་ཞིག་འདུག་པས། དེའི་ཞལ་ནས། ལས་ཀྱི་རྡོ་རྗེ། |
བླ་མ་དང་ཡི་དམ་ལ་ཐ་དད་མེད། སྐུ་གསུམ་གྱི་ངོ་བོ་དང་བླ་མ་ལ་ཐ་དད་མེད། སྐྱབས་གསུམ་གྱི་ངོ་བོ་དང་བླ་མ་ལ་ཐ་དད་མེད། གསུངས་ནས་བལྟས་ཙ་ན། རྒྱ་མ་རིན་པོ་ཆེ་བཀྲ་ཤིས་རྒྱལ་པོ། ར་ཟིན་ཏོག་པ། |
མོན་གྲབ་པ་གསུམ་པོས་གཙོ་བྱས་ཆོས་འབྲེལ་ཡོད་པའི་བླ་མ་རྣམས་དེ་ཉིད་ལ་ཐིམ་སོང་། ང་རང་གི་གོང་མ་རྒྱལ་སྲས་བཟང་པོ་མི་འབྱོན་པ་ཅི་ཡིན་སྙམ་ཙ་ན། ང་ཅི་སྒོ་འབྱེད་པའི་ཁྲོ་བོ་དེ་ན་རེ། ཁྱེད་ཀྱི་གོང་མ་དེ་པདྨ་ཅན་གྱི་ཞིང་ཁམས་ཞེས་པ་ཐུགས་རྗེ་ཆེན་པོའི་ཞིང་ཁམས་གཅིག་ན་བཞུགས་ཡོད། ད་ལན་འདི་རུ་ཡང་བྱོན་དེ་མངོན་ཆུང་བ་ཡིན་གསུངས། བླ་མ་ཐིམ་པའི་ལྷ་དེའི་ཞ... |
ལས་ཀྱི་རྡོ་རྗེ། བླ་མ་ལ་མོས་གུས་མ་ཐོབ་པར་ཡི་དམ་ལྷའི་ཞལ་གཟིགས་ཟེར་བ་དང་། ཉམས་མྱོང་བཟང་པོ་སྐྱེས་ཟེར་བ་རྫུན་ཡིན། འཆི་བ་མི་རྟག་པ་རྒྱུད་ལ་མ་སྐྱེས་པར། འཇིག་རྟེན་མཐའ་དག་བློས་གཏོང་ཟེར་བ་རྫུན་ཡིན། ལས་རྒྱུ་འབྲས་ལ་ཡིད་ཆེས་མེད་པར་སྡིག་པ་མ་བྱས་ཟེར་བ་རྫུན་ཡིན། |
འཁོར་བའི་ཉེས་དམིགས་མ་དྲན་པར་འཇིག་རྟེན་བློས་གཏོང་ཟེར་བ་རྫུན་ཡིན། ཕན་སེམས་རྡུལ་ཙམ་མེད་པར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྐྱེས་ཟེར་བ་རྫུན་ཡིན། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་བདེན་མེད་དུ་མ་རྟོགས་པར། སྟོང་པ་ཉིད་རྟོགས་ཟེར་བ་རྫུན་ཡིན། ལར་ཆོས་གཤའ་མ་ཞིག་བྱེད་ན་གཞི་དད་པ་གལ་ཆེ་བ་ལགས་གསུངས། དད་པ་སྐྱེ་བའི་རྒྱུ་གང་ལགས་ཞུས་པས། |
Subsets and Splits
No community queries yet
The top public SQL queries from the community will appear here once available.