text stringlengths 1 105k |
|---|
ཝང་ཙའེ་ཆིའི། |
ལིའི་ཞུན་ཕུའུ་བཅས་སྔོ་ཚལ་སོགས་ཟས་རིགས་ཉོ་བར་བཏང་། |
ཁོང་ཚོ་གསུམ་ཕྱིན་ནས་ཡུན་རིང་པོ་སོང་ཀྱང་ལག་པ་སྟོང་པར་ལོག་ཡོང་དགོས་བྱུང་། |
ལམ་བར་ཁོ་ཚོར་བསམ་ཡུལ་ལས་འདས་པར་ལམ་སྟེང་དུ་སྒྲོ་བ་ཁེངས་པ་ཞིག་མཐོང་། |
ཁོང་ཚོས་དེའི་ཁ་ཕྱེ་ནས་ལྟ་དུས་དེའི་ནང་ཞིབ་ལ་དཀར་བའི་རྩམ་པ་དྲི་ཞིམ་འཐུལ་བ་ཞིག་ཡོད་པས་ཁོང་ཚོ་གསུམ་དགའ་ཐག་ཆོད། |
ཝང་ཙའེ་ཆིའི་ཡིས་རྩམ་པ་སྒྲོ་བ་གང་པོ་འདིས་ང་ཚོ་པན་ཤོག་ཚང་མའི་ཉིན་གཅིག་གི་ལྟོ་ཆས་འདང་ངེས་རེད། |
དགྲ་བོ་རྗེས་འདེད་གཏོང་བར་དེ་བས་ནུས་ཤུགས་ཆེན་པོ་ཡོང་གི་རེད་ཅེས་བཤད། |
ཕེང་ཅུའི་ཧྲེང་གིས་བསམ་བློ་ཞིག་བཏང་ནས་ཁོང་ཚོའི་སྐད་ཆ་ཤོད་མཚམས་འཇོག་ཏུ་བཅུག་སྟེ་དེ་འདྲ་བྱས་ན་མི་འགྲིག་རྩོམ་སྒྲོ་འདི་ནི་བོད་རིགས་མང་ཚོགས་ཀྱིས་བོར་བརླག་ཕྱིན་པ་ཞིག་ཡིན་པ་ཐག་གི་ཆོད། |
ང་ཚོས་མང་ཚོགས་ཀྱི་རྩམ་པ་ཁྱེར་ན་ག་ནས་འགྲིག་ངེས་པར་དུ་དོ་བདག་ལ་སྤྲོད་དགོས་ཞེས་བཤད། |
སྐབས་དེར་ཝང་ཙའེ་མིའི་དང་ལིའི་ཞུན་ཕུའུ་གཉིས་ཀྱིས་ཕེང་ཅུའི་ཧྲེང་གི་བསམ་ཚུལ་ལ་འདོད་པ་མ་བྱས་པར་བོད་རིགས་སྤུན་ཟླས་བོར་བརླག་སོང་བའི་རྩམ་པ་ཡིན་པའི་དབང་དུ་བཏང་ནའང་སྐྲག་དགོས་དོན་གང་ཡོད་དམ། |
ང་ཚོས་འཕྲོག་བཅོམ་བྱས་པ་ནི་མ་རེད། |
དེས་མ་ཚད་ང་ཚོ་ནི་དགྲ་བོ་གཏོར་ཕམ་གཏོང་བར་འགྲོ་མཁན་ཡིན་པས་བོད་རིགས་མི་དམངས་ཀྱི་དཀའ་ངལ་སེལ་བའི་ཆེད་དུ་མ་རེད་དམ། |
ཁོང་ཚོས་འཚོལ་བར་ཡོང་ནའང་ང་ཚོར་ཁག་ཅི་ཡོད་ཅེས་ཁ་རྩོད་བརྒྱབ།། |
ཏང་གི་སྲིད་ཇུས་སྒྲིག་ཁྲིམས་དགོས་སམ་ཡང་ན་རྩོམ་སྒྲོ་འདི་དགོས་སམ། |
བློ་མཐུན་ཕེང་ཅུའི་ཧྲེང་བསམ་བློའི་འཐབ་རྩོད་བྱེད་བཞིན་གློ་བུར་དུ་ཁོང་གིས་གོང་རིམ་གྱི་སྒྲིག་ཁྲིམས་ཆེན་པོ་གསུམ་དང་དོ་སྣང་བྱེད་དགོས་པ་བརྒྱད་ནང་གི་གཏན་འབེབས་ནན་པོ་སྲུང་བརྩི་བྱེད་དགོས་པ་དང་ཀྲི་ཏའོ་ཡོན་གྱིས་དཀའ་སྡུག་དང་ངལ་བ་ག་ཚོད་ཆེ་བའི་དུས་སུ་ང་ཚོའི་འཐབ་འཛིང་པ་མི་རེ་ངོ་རེའི་སྲིད་ཇུས་དང་སྒྲིག་ཁྲིམས་ཀྱི་འདུ་ཤེས་ལ་དེ་བས་ཚོད་བགམ་... |
སྐབས་དེར་བློ་མཐུན་ཝང་ཙའེ་ཆིའི་དང་ལིའི་ཞུན་ཕུའུ་ཡིས་ཀྱང་རང་ཉིད་ཀྱི་བསམ་ཚུལ་ནོར་བ་ཤེས་ནས་ཕེང་ཅུའི་ཧྲེང་གྱི་བསམ་འཆར་ལ་མོས་མཐུན་བྱས་ཏེ་ད་ག་རང་རེད། ང་ཚོ་ཆབ་མདོར་དཔུང་སྐྱོད་བྱེད་པར་དཀའ་ངལ་མང་པོ་འདི་འདྲ་རྒྱག་པ་ནི་བོད་རིགས་མི་དམངས་ཀྱི་སྡུག་བསྔལ་སེལ་བའི་ཕྱིར་ཡིན་པས་ད་ལྟ་རྩམ་པ་སྒྲོ་བ་གང་ལ་སོ་སོ་ཁོ་ན་བསམ་ན་དངོས་འབྲེལ་མི་འགྲིག་བོད... |
ཕེང་ཅུའི་ཧྲེང་གིས་དགའ་ཚོར་ཆེན་པོས་རྙེད་པའི་རྩམ་སྒྲོ་དེ་ཁོང་ལ་སྤྱད་པས་ཁོང་ནི་དགའ་སྤྲོ་དཔགས་མེད་ཀྱི་སེམས་འགུལ་ཐེབས་ནས་ལག་གཉིས་ཀྱི་མཐེ་བོང་ཀེར་ནས་ཡག་མོཡག་མོ་ཞེས་བསྟོད་བསྔགས་ཡང་ཡང་བྱས། ཕེང་ཅུའི་ཧྲེང་ཁོང་ཚོས་སྤྲོ་བ་ཟོལ་མེད་ཀྱི་སྟོད་བསྔགས་བྱེད་ལུགས་དེ་འདྲ་མཐོང་དུས་སེམས་ཀྱི་གཏིང་ནས་དགའ་སྤྲོ་དཔག་མེད་བྱུང་ཁར། པའི་འགག་རྩའི་དུས་ད... |
ང་དང་འཐབ་འཛིང་པ་ཚོས་ཚུལ་ཁྲིམས་ལ་མཛའ་བརྩེའི་ངང་ནས་ཁོང་ལ་ཐུགས་རྗེ་ཆེ་ཞུས་པར་ཚུལ་ཁྲིམས་ཀྱིས་ཚེར་སྣང་ངང་ཐུགས་རྗེ་ཆེ་ཞུ་དགོས་ན་ང་ཚོ་བོད་རིགས་མི་དམངས་ཀྱིས་མའོ་ཀྲུའུ་ཞིས་བཏང་གནང་བའི་ལྷ་དམག་ཁྱེད་རྣམས་ལ་ཐུགས་རྗེ་ཆེ་ཞུ་དགོས་ཞེས་བཤད། རྫ་ཆུའི་ངོགས་སུ་དམག་གིས་དམངས་ལ་གཅེས་པ་དང་དམངས་ཀྱིས་དམག་ལ་བཀུར་བའི་བོད་རྒྱ་དམག་དམངས་ཀྱི་བརྩེ་དུང་ཟ... |
ང་ཚོ་དཀར་མཛེས་ནས་རྡོག་ཐོན་བྱེད་སྐབས་ལ་དྲན་གསོ་བྱེད་དུས་མའོ་ཀྲུའུ་ཞི་དང་ལྷོ་ནུབ་དམག་ཁུལ་ཁང་གི་དབུ་ཁྲིད་ལེའུ་ཏེང་རྣམས་གཉིས་ཀྱིས་མི་རིགས་སྲིད་ཇུས་ལ་སྲུང་བརྩི་ནན་པོ་དང་ཆབ་སྲིད་ཐོག་ནས་ལས་དོན་སྤེལ་ཐུབ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་ཡང་ཡང་མཛུབ་སྟོན་གནང་ཡོད། ཆབ་སྲིད་ཨུ་ཡོན་ཏེང་ཞའོ་ཕིང་གིས་བོད་ལ་སྐྱོད་དུས་སྲིད་ཇུས་ལ་བརྟེན་ནས་ལམ་འག... |
ཆབ་སྲིད་ཨུ་ཡོན་གཞོན་པ་དབྱིན་ཧྥ་ཐང་གིས་གོང་རིམ་གྱི་དགོངས་དོན་དེ་དག་ལ་གཞིགས་ནས་ལས་བྱེད་པར་གསུང་བཤད་གནང་སྐབས་ང་ཚོ་དཔུང་སྐྱོད་བྱེད་པའི་ལམ་བར་དུ་ཕལ་ཆེར་ཟས་མི་རག་པ་དང་། གཉིད་མི་ཁུག་པ་སོགས་བསམ་པའི་ཡུལ་ལས་འདས་པའི་དཀའ་ངལ་འཕྲད་སྲིད་པས་ཇི་སྲིད་དཀའ་ངལ་ཆེ་བའི་སྐབས་སུ་དེ་སྲིད་ཀྱིས་སྲིད་ཇུས་དང་སྒྲིག་ཁྲིམས་ལ་སྲུང་བརྩི་ནན་པོ་བྱེད་དགོས།... |
དངོས་འབྲེལ་དེ་འདྲ་རེད། ང་ཚོ་འབྲུ་རིགས་རྫོགས་པའི་སྐབས་སུ་འབྲི་ཆུའི་གཡས་གཡོན་གྱི་བོད་རིགས་མི་དམངས་ཚོས་གཡག་སྟོང་ཕྲག་ཁྲི་ཕྲག་དེད་ནས་འབྲུ་རིགས་དང་གོ་མཚོན་སྐྱེལ་བར་སླེབས་བྱུང་། ང་ཚོ་ཆབ་མདོར་འབྱོར་བའི་ཉིན་གཉིས་པར་ལྟོ་ཆས་རྫོགས་ཆབ་མདོའི་དགུང་སྔོན་དབྱིངས་སུ་སྐར་ལྔའི་དར་དམར་ལྷབ་ལྷུབ་གཡོས། |
ང་ཚོ་ཟླ་ཚེས་ཉིན་གྱི་ཞོགས་པར་ཆབ་མདོར་འབྱོར། རུ་ཆེན་དྲུག་པའི་ལན་ཤོག་དགུ་པས་དེ་ཉིན་ཟླ་ཚེས་ཉིན་ཆབ་མདོ་བླངས་ནས་མེས་རྒྱལ་གྱི་སྐར་ལྔའི་དར་དམར་ཆབ་མདོའི་མཁའ་དབྱིངས་སུ་ལྷབ་ལྷུབ་གཡོ་བཞིན་འདུག་ཆབ་མདོ་བཅིངས་འགྲོལ་བཏང་བ་དང་སྦྲགས་རྒྱལ་ཁའི་གཏམ་བཟང་ཕྱོགས་བཞི་མཚམས་བརྒྱད་ནས་ཁྱབ་ཡོང་བ་སྟེ། ཟླ་ཚེས་ཉིན་ང་ཚོའི་ཏང་གི་མི་རིགས་སྲིད་ཇུས་ཀྱི་འབོད... |
རང་དམག་ཧྲི་ཤོག་གི་རུ་ཆེན་བཞི་པ་དང་། མཚོ་སྔོན་སྐྱེ་རྒུ་མདོའི་རྟ་དམག་ཉིང་ལག་རུ་ཁག་ཧྲི་ཤོག་གི་རྟ་དམག་ཉུལ་ཞིབ་ལན་བཅས་ཀྱིས་ཆུ་ཚོད་སར་བསྟུད་མར་དཔུང་སྐྱོད་བྱས་པས་དགྲ་བོ་ལས་ཆུ་ཚོད་བཞི་ཡིས་སྔ་བ་ལྔ་མདར་འབྱོར་ཏེ་ཆབ་མདོ་ནས་ལྷ་སར་ཕྱིར་བྲོས་ཀྱི་ལམ་བུ་བཀག་རང་དམག་གི་དམག་དོན་མཐའ་སྐོར་དང་ཆབ་སྲིད་བརྩོན་ལེན་བྱས་པའི་འོག་བོད་ས་གནས་སྲིད་གཞུང... |
རི་བོ་ཆེ། ལྔ་མདའ། སྨར་ཁམས། |
ཚྭ་ལྷོ། བུལ་ཐོག་སོགས་གྲོང་རྡལ་བཅིངས་འགྲོལ་བཏང་། ཁྱོན་བསྡོམས་དགྲ་བོ་རྩ་མེད་བཏང་ཞིང་། |
དེའི་ནང་དུ་རིམ་གསུམ་སྤྱི་ཁྱབ་གཅིག་དང་། རིམ་བཞི་ཡན་གྱི་ཞི་དྲག་དཔོན་རིགས་ཡུལ་དམག་འགོ་དཔོན་དཔོན་གནས་རིམ་པ་ལྔ་པ་སྤྲད་པའི་དབྱིན་ཇིའི་ཧྥུ་ཐེ་ཟེར་བ་མི་རྒྱ་གར་གྱི་ཏར་ལས་པ་མི་མདའ་དཔོན་བརྒྱ་དཔོན་རུ་དཔོན་བཅས་ཡོད་པ་རེད། ཨུ་རུ་སུའི་མེ་སྒྱོགས་དང་། |
དབྱིན་ཇིའི་མེ་མདའ་ཕུག་སྦག་ཆེ་བ་མེ་མདའ་སྦག་སྦག་ཆུང་བ་རིང་མདའ་རིགས་འདྲ་མིན་གྱི་འབར་མདེལ་ལྷག་དང་། ཏར་ཆས་གཉིས། རྟ་དྲེལ་དེ་མིན་དམག་སྤྱོད་ཀྱི་དངོས་རྫས་འགའ་ཞིག་བཅས་དགྲ་ལག་ནས་ཐོབ་པ་རེད། |
ལྷོནུབ་དམག་ཁུལ་ཁང་གིས་ཁྱེད་ཚོས་ཆབ་མདོ་དང་། རི་བོ་ཆེ། ལྔ་མདའ། |
སྨར་ཁམས། ཚྭ་ལྷོ། བུལ་ཐོག་སོགས་འགག་ས་བཅིངས་འགྲོལ་བཏང་ནས་དགྲ་བོ་ཚར་གཅོད་བྱས་པ་དང་། |
བོད་དམག་ཏ་དང་དམག་སྒར་གྱིས་འོས་ལངས་བྱས་པ་བཅས་ཀྱི་རྒྱལ་ཁར་རྟེན་འབྲེལ་ཞུ་རྒྱུ་དང་རེ་བར་མུ་མཐུད་དུ་འབད་བརྩོན་བྱས་ནས་བོད་རིགས་སྤུན་ཟླར་མཐུན་སྒྲིལ་གྱིས་དེ་བས་རྒྱལ་ཁ་ཆེ་བ་ཐོབ་པའི་བརྩོན་ལེན་གྱིས་ཤིག་ཞེས་པའི་རྟེན་འབྲེལ་གྱི་ཏར་འཕྲིན་འབྱོར།། ཧྲི་ཤོག་ཡོངས་ཀྱི་བཀོད་འཐབ་པ་ཚོས་ཏང་དང་རིམ་པ་གོང་མའི་མཛུབ་སྟོན་ལ་བརྩི་བཀུར་ཞུས་ནས་ཆབ་མདོའ... |
བོད་རིགས་མི་དམངས་དང་མཐུན་སྒྲིལ་བྱས་པ་བཅས་ཀྱི་ཐོག་ནས་ཆབ་སྲིད་ཀྱི་ལས་དོན་སྤེལ་ཐུབ་རྒྱུར་བརྩོན་ལེན་གང་ལེགས་ཀྱིས་དཔུང་སྐྱོད་ཀྱི་ལམ་བུ་གསར་པར་བསུ་བ་ཞུས་པ་དང་སྦྲགས་སྐར་ལྔའི་དར་དམར་དེ་རི་བོ་ཧེ་མ་ལ་ཡའི་ཐོག་སྔ་ཙམ་འཛུགས་ཐུབ་པར་འབད་བརྩོན་བྱེད་ཀྱི་ཡོད། ཁལ་གཡག་ཁྲི་སྟོང་སྐྱེལ་འདྲེན་ལས་ཀར་བྲེལ། ཁམས་བོད་ས་མཐོའི་ཐོག་དཔུང་སྐྱོད་བྱེད་པའི... |
ཁམས་པ། ཁྲ་ཁྲ་སོགས་ཁྱུ་དང་ཁྱུ་མཐོང་རྒྱུ་ཡོད། ཁལ་གཡག་དེ་དག་ཐོག་མར་མཐོང་དུས་རྔ་མ་ནག་ཟིང་ཟིང་དང་སུག་ལག་སྦོམ་པ་སོགས་གཟུགས་དབྱིབས་འཇིགས་སུ་རུང་བ་ཞིག་འདུག་རྗེས་སུ་འབྲེལ་འདྲིས་མང་པོ་བྱས་ནས་ཤེས་རྟོགས་བྱུང་བར་གཡག་ནི་བཀོལ་སྤྱོད་བྱེད་བདེ་བའི་སྒོ་ཕྱུགས་ཡིན་ཁར་བོད་རིགས་འབྲོག་པ་ཚོའི་རྩ་ཆེའི་ནོར་བུ་ཞིག་ཀྱང་རེད་འདུག་གཡག་གིས་དམག་དཔུང་བོ... |
མཚོ་བོད་དང་ཁྲོན་བོད་གཞུང་ལམ་བཟོ་སྐྲུན་བྱེད་པའི་དཀའ་སྡུག་གི་ལོ་ཟླའི་ནང་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། སྤྲོད་ནི་དམག་འཐབ་ལས་གལ་ཆེ་ཞེས་གལ་ཆེ་བའི་མཛུབ་སྟོན་གནང་ཡོད། གལ་སྲིད་བོད་ས་གནས་སྲིད་གཞུང་ནང་གི་བཙན་ཉེ་ཁ་བྲལ་རིང་ལུགས་ཀྱིས་ཀྲུང་དབྱང་གི་བོད་ཞི་བའི་བཅིངས་འགྲོལ་གྱི་འབོད་སྐུལ་དང་ལེན་མི་བྱེད་པར་ང་ཚོས་ཆབ་མདོ་རུ་དམག་ཅིག་མི་རྒྱག་ཐབས... |
ཡིན་ནའི་མ་བསྒྲུབ་ཐབས་མེད་ཡིན། ཁྱེད་ཚོས་ནན་ཏན་གྱིས་ཏང་གི་མི་རིགས་སྲིད་ཇུས་དང་སྒྲིག་ཁྲིམས་ཆེན་པོ་གསུམ་དང་དོ་སྣང་བྱེད་དགོས་པ་བརྒྱད་ལ་སྲུང་བརྩི་ནན་པོ་བྱེད་པ་དང་། མཐོ་རིམ་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་སྤེལ་བ། ཉོ་ཚོང་དྲང་གཞག་བྱེད་པ་བཅས་བྱེད་ཐུབ་ཕྱིན་ལས་འགན་ལེགས་པར་བསྒྲུབ་ཐུབ་ཅེས་བཀའ་མངག་གནང་བ་རེད། ཧའོ་ཞུའེ་ཁུང་ཁོང་ཚོ་... |
མ་གཞིར་དབྱར་ཁ་ཡིན་ནའི་ཁམས་ཀྱི་བྱང་ཁུལ་ས་མཐོའི་ཐོག་དགོང་ཞོགས་གཉིས་ལ་གནམ་གཤིས་ཅུང་གྲང་མོ་ཡོད་པ་དང་ཁོང་ཚོ་རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད་སྟོང་ཡོད་པའི་ཧོར་རི་ལ་རྒྱག་སྐབས་ཁ་བ་ཆེན་པོ་འབབ་པའི་དུས་དང་འཁེལ་བས་དཀའ་ངལ་ཆེ་བའི་ཁལ་གཡག་ཉོ་སྒྲུབ་ལས་འགན།། ལོའི་ཟླ་ཚེས་ཉིན་དཀར་མཛེས་སུ་སྐྱོད་མཁན་སྔོན་སྐྱོད་ཉིང་ལག་རུ་ཁག་གི་སྣེ་ཁྲིད་མཁན་ཧྲེ་... |
མ་གཞིར་ཁོང་ཚོར་བཞོན་རྟ་ཡོད་རུང་བཞོན་ནུས་ཀྱི་མེད། དེ་ལྟར་སྐྱོད་བཞིན་དུ་ཉིན་གཉིས་སྔ་སྣུར་གྱིས་སེར་ཤུལ་རྫོང་སྲིད་གཞུང་གནས་ཡུལ་དུ་སླེབས།། ཁོང་ཚོས་བརྟག་དཔྱད་བྱས་ཏེ་ཤེས་རྟོགས་བྱུང་བར་སེར་ཤུལ་རྫོང་ལ་རྒྱ་ཁྱོན་ཧ་ལམ་སྤྱི་ལེ་ཁྲི་གཅིག་དང་བཞི་སྟོང་ཙམ་ཡོད་པ་དང་བོད་རིགས་འབྲོག་ཁུལ་ཡིན་འདུག་དེ་སྔ་སྡེ་དགེ་རྒྱལ་མོ་འཇམ་དབྱངས་དཔལ་མོའི་མངའ... |
འབྲོག་པ་དུད་ཚང་ལྷག་ཙམ་དང་མི་གྲངས་ལྷག་ཙམ་ཡོད་པའི་འབྲོག་པ་འབྲོག་རྐྱང་གི་ཁུལ་ཞིག་ཡིན། རྫོང་ཡོངས་ལ་འབྲི་གཡག་མགོ་གྲངས་ཁྲི་ཡོད། ང་ཚོས་ཉོ་ཐེངས་གཅིག་ལ་གཡག་མགོ་གྲངས་ཉོས་པ་ཡིན་ན་རྫོང་ཡོངས་ཀྱི་འབྲི་གཡག་མགོ་གྲངས་བསྡོམས་འབོར་གྱི་ཟིན་ཡོད་པས་དངོས་ནས་གྲངས་འབོར་ཆེན་པོ་རེད། ལས་འགན་ལེགས་སྒྲུབ་བྱེད་པར་ཁོང་ཚོས་སེམས་ཐག་གཙང་བཅད་ཀྱིས་ལས་ཀའི་ད... |
ཧའོ་ཞུའེ་ཁུང་ཁོང་ཚོས་སེར་ཤུལ་རྫོང་གི་མི་དམངས་ལ་དེ་གར་ཡོང་དོན་གསལ་བཤད་དང་བོད་རིགས་མང་ཚོགས་ཀྱི་དོགས་གནད་སེལ་ཆེད་ཟླ་ཚེས་ཉིན་རྫོང་ཡོངས་ཀྱི་སྡེ་ཚོ་ཁག་གི་འགོ་དཔོན་གྱི་ཚོགས་འདུ་སྐོང་ཚོགས་བྱས། བསམ་ཡུལ་ལས་འདས་པར་ཁུལ་དང་སྡེ་ཚོ་ཡི་འགོ་དཔོན་ཚང་མ་དུས་ཐོག་ཏུ་ཚོགས་འདུར་སླེབས། ཁོང་ཚོ་གསུམ་པོས་ཚང་མར་བཅིངས་འགྲོལ་དམག་ནི་ཀྲུང་དབྱང་མི་དམངས... |
ང་ཚོ་གསུམ་འདིར་ཡོང་དགོས་དོན་ནི་སེར་ཤུལ་གྱི་འགོ་པ་དང་འབྲོག་པ་མང་ཚོགས་ཚོས་བཅིངས་འགྲོལ་དམག་ལ་ཁལ་གཡག་བཙོངས་ནས་བོད་སྐྱོད་དཔུང་ཆེན་གྱི་སྐྱེལ་འདྲེན་ལ་རོགས་སྐྱོར་བྱས་ཏེ་བོད་མི་དམངས་ལ་བཅིངས་འགྲོལ་འཐོབ་རྒྱུའི་ལས་འགན་སྒྲུབ་ཐུབ་པ་བྱེད་ཕྱིར་ཡིན། ང་ཚོས་ཉོས་པའི་ཁལ་གཡག་དང་དེ་མིན་གྱི་དངོས་རྫས་མཐའ་དག་ལ་ཁ་གྲངས་བཞིན་རིན་གོང་སྤྲོད་པ་ལས་ཀ་ཀ... |
པིང་ཀན། ཕག་ཤ་ལྕགས་ཀྲིང་བཅས་ཚོགས་འདུར་ཕེབས་པའི་འགོ་དཔོན་ཚོར་སྤྲད་པ་མ་ཟད་འགོ་དཔོན་ཚོ་དང་མཉམ་བཟའ་མཉམ་སྡོད་བྱས་ནས་རང་ཉིད་ཀྱི་བྱ་སྤྱོད་ངོ་མའི་ཐོག་ནས་ཚོགས་འདུར་ཕེབས་པའི་འགོ་དཔོན་དང་ས་གནས་དེ་གའི་མང་ཚོགས་ལ་བག་ཆགས་བཟང་པོ་བཞག་ས་ཆ་ཁག་ནས་ཡོང་བའི་འགོ་དཔོན་ཚོས་བཅིངས་འགྲོལ་དམག་གིས་དངོས་འབྲེལ་གཏམ་སྤྱོད་གཅིག་མཚུངས་ཡིན་ཁར་སྒྲིག་ཁྲིམས་སྲ... |
ལུག་གཟན་རྩྭ་བཅས་ལ་དངུལ་སྐར་མ་གཅིག་མ་ཆད་པར་སྤྲོད་ཀྱི་ཡོད། གཏམ་སྤྱོད་ཚང་མར་གོ་ཐོས་དང་མིག་མཐོང་བྱུང་བར་བརྟེན། སེར་ཤུལ་སྟོད་ཀྱི་འཐུས་མི་དཀོན་མཆོག་དོན་གྲུབ་དང་སེར་ཤུལ་སྨད་ཀྱི་དཔའ་རྒན་སྒྲ་སྒྱུར་གྱིས་ཁོང་ཚོའི་ཡུལ་གྱི་འགོ་པ་དང་མང་ཚོགས་ཀྱི་ཚབ་བྱས་ནས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་ཏེ་ངེས་པར་དུ་གཡག་གཟུགས་སྟོབས་ཆེ་ཤོས་དེ་དག་བཅིངས་འགྲ... |
ཚོགས་འདུ་གྲོལ་རྗེས་ཆུས་ཁག་གི་འགོ་པ་ཚོས་ལམ་སེང་ཕྱིར་ལོག་རྗེས་ལས་འགན་ཁག་མགྱོགས་མྱུར་སྡེ་ཚོ་ཁག་ལ་བཀོད་སྒྲིག་བྱས། དེ་མུར་སྡེ་ཚོ་ཁག་གིས་ནན་ཏན་གྱིས་ཁལ་གཡག་བདམས་ནས་ང་ཤོར་ཁོ་ཤོར་གྱིས་བཅིངས་འགྲོལ་དམག་ལ་གཡག་བཙོངས། ཧའོ་ཞུའེ་ཁུང་ཁོང་ཚོས་ཡང་ཁག་སོ་སོ་བྱས་ཏེ་འབྲོག་ར་ཁག་ལ་བསྐྱོད་ནས་འབྲོག་པ་ཚོར་དྲིལ་བསྒྲགས་དང་མང་ཚོགས་ཀྱིས་བསྐྱལ་བའི་གཡག... |
མ་གཞི་གཡག་བསྡུ་རུབ་བྱེད་དུས་གངས་མ་ཆར་ཉིན་གཉིས་རིང་བབས་རུང་བྱང་ཕྱོགས་ཁུལ་གྱི་དགེ་རྩེ་འགབ་མ་དང་དགེ་རྩེ་གུང་མ་རུ་ཚོ་གཉིས་ནི་ད་དུང་ལམ་ཐག་རྟ་ཟམ་བཅུ་གཅིག་གི་ས་ནས་གཡག་སྐྱེལ་བར་ཡོང་བ་རེད། བྱང་ཕྱོགས་ཁུལ་གྱི་ཆུས་ཀྲང་དཀོན་མཆོག་དོན་གྲུབ་ཀྱིས་གནམ་གཤིས་ག་ཚོད་སྡུག་ཀྱང་བཅིངས་འགྲོལ་དམག་བོད་ལ་དཔུང་འཇུག་བྱེད་པའི་དུས་ཚོད་ནར་འགྱངས་བྱེད་མི་... |
བློ་མཐུན་ཧའོ་ཞུའེ་ཁུང་ཁོང་ཚོ་གསུམ་པོས་ཟླ་བ་གཉིས་ལྷག་ཙམ་རིང་ལས་ཀ་ཧུར་ཐག་བྱས་པ་བརྒྱུད་གཡག་བསྡུ་ཉོ་བྱེད་པའི་དཀའ་ཚེགས་ཆེ་བའི་ལས་འགན་ལེགས་སྒྲུབ་ཐུབ་པ་མ་ཟད་ད་དུང་མར་རྒྱ་མ་ལྷག་ཙམ་དང་ཚྭ་རྒྱ་མ་ཉོ་སྒྲུབ་ཐུབ་པ་བྱུང་ཁར་བོད་རིགས་གྲོགས་པོ་མི་ཉུང་བ་ཞིག་ཀྱང་སྒྲིག་ཐུབ་པ་བྱུང་བ་རེད། ཧའོ་ཞུའེ་ཁུང་ཁོང་ཚོས་སེར་ཤུལ་དུ་གཡག་བསྡུ་ཉོ་བྱེད་པའི་ས... |
Subsets and Splits
No community queries yet
The top public SQL queries from the community will appear here once available.