text stringlengths 1 88.7k |
|---|
དེ་ངས་མགོ་ནས་མཇུག་བར་དུ་ཆ་ཚང་མཇལ་བ་རེད། |
དེའི་ནང་ལ་རྙེད་མ་སོང་། |
གཞན་དག་བསྡུས་པ་དེ་ཡི་ནང་ལ་མེད་དམ། |
གང་ལྟར་དེ་འདྲའི་ལུང་ཞིག་ཡོད་ས་རེད། |
འབྲོམ་སྟོན་པའི་ལུང་བསྟན་མ་ཡིན་པ་ཀརྨ་པའི་ལུང་བསྟན་ཡིན་པ་གཙུག་ལག་ཕྲེང་བས་སྒྲུབ་བྱེད་དེ་མར་བཀོད་གནང་བཞག་པ་དེ་འདྲ་ཞིག་འདུག་གང་ལྟར་ཀརྨ་པ་ཞེས་པ་རྒྱལ་བས་ལུང་བསྟན་གྱི་ཚིག་བཟོ་བཅོས་གཏོང་མི་དགོས་པ་ཚིག་དངོས་སུ་ཟིན་པའི་སྒོ་ནས་ཀརྨ་པ་ཟེར་རྒྱུ་ཞིག་བོད་གངས་ཅན་གྱི་ལྗོངས་ལ་ཡོད་ནའང་འདྲ་འདུག་མེད་ནའང་འདྲ་འདུག་གང་ལྟར་ཀརྨ་པ་དེ་མ་འོངས་པའི་སངས... |
མཛད་པ་ཕྲིན་ལས་དེ་ཚོ་ཡིན་ན་ཡང་ཚུལ་དང་མཐུན་པ་ཞིག་བསྐྱངས། |
དེ་བཞིན་མཁས་གྲུབ་སྐྱེས་བུ་དམ་པ་རྣམས་ཀྱིས་ཀྱང་དེ་ལྟ་བུར་བསྔགས་པ་བཞིན་དེ་འདྲའི་སྒྲུབ་བྱེད་ལྟ་བུ་ཡོད་བསྡད་པ་རེད་བཞག་དེ་ཡིན་དུས། |
ང་རང་ཚོ་དེ་བཞིན་བསམ་བློ་གཏོང་ཕྱོགས་གཅིག་རེད་བསམ་གྱི་ཡོད། |
དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་གཏེར་ལུང་མང་པོའི་ནང་ནས་ལུང་བསྟན་པ་ཡིན་པ་རེད། |
རྡོ་རྗེ་གླིང་པ་ཟེར་བ་དང་། |
དེ་བཞིན་རཏྣ་གླིང་པ་ཟེར་བ་ལྟ་བུ་གཏེར་སྟོན་ཚད་ལྡན་གླིང་པ་བཞི་ཟེར་བ་ལ་སོགས་པ་ཚང་མ་གཏེར་སྟོན་ཚད་ལྡན་དེ་ཚོའི་གཏེར་ལུང་མང་པོའི་ནང་ནས་ལུང་གིས་ཟིན་པ་དེ་འདྲ་རེད་འདུག་དེ་འདྲ་ཡིན་དུས། |
གང་ལྟར་བོད་གངས་ཅན་ལྗོངས་ཀྱི་གདུལ་བྱ་འདུལ་བ་ལ་གདུལ་བྱ་འདུལ་བྱེད་ཀྱི་མཁས་གྲུབ་དུ་མ་ཞིག་བྱོན་ཡོད་པ་རེད་དེ། |
ཡིན་ན་ཡང་དེའི་ནང་ནས་གཙོ་བོ་མཁན་སློབ་ཆོས་གསུམ་བྱས། |
གང་ལྟར་སངས་རྒྱས་ཀྱི་བསྟན་པ་ཐོག་མར་བོད་ལ་དར་ཞིང་རྒྱས་པར་མཛད་མཁན་གྱི་དམ་པ་གསུམ་པོ་དེ། |
དེ་གསུམ་ཆགས་ཀྱི་ཡོད་པ་རེད། |
དེའི་ནང་ནས་ཀྱང་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་བོད་ཀྱི་ལྷ་འདྲེ་མི་གསུམ་ཟེར་ནའང་འདྲ་འདུག་དེ་ཚོ་ཚང་མ་ལོག་པའི་ལམ་ནས་ཡང་དག་པའི་ལམ་ལ་འདྲེན་པའི་ཆེད་དུ་ཚར་གཅོད་ཀྱི་རྗེས་སུ་འབྲང་ཞིང་ལམ་བསྟན། |
ལྷག་པར་དུ་མ་འོངས་པའི་གདུལ་བྱ་ལ་དགོངས་ནས་གཏེར་མང་པོ་ཞིག་སྦས་པར་མཛད། |
དུས་དང་དུས་སུ་ཐུན་བཞིའི་བཀའ་འཁྲིད། |
གཏེར་སྟོན་ཚད་ལྡན་དེ་འདྲས་གཏེར་འདོན་རྒྱུ་དེ་འདྲ་ཡོང་གི་ཡོད་པ་རེད། |
དེ་འདྲ་ཡིན་དུས། |
གང་ལྟར་བོད་གངས་ཅན་ལྗོངས་ཀྱི་གདུལ་བྱ་ང་རང་ཚོ་ལ་བལྟས་པ་ཡིན་ན། |
ཕལ་ཆེར་ཡོན་ཏན་སངས་རྒྱས་ཀུན་དང་མཉམ་ནའང་སྐུ་དྲིན་སངས་རྒྱས་ཀུན་ལས་ལྷག་པའི་མཁན་སློབ་ཆོས་གསུམ་དེ་བོད་གངས་ཅན་ལྗོངས་ཀྱི་གདུལ་བྱ་ལ་ལྟོས་པ་ཡིན་ན་བཀའ་དྲིན་ཤིན་ཏུ་ཆེན་པོ་ཆགས་བསྡད་ཡོད་རེད། |
དེ་འདྲ་ཡིན་དུས། |
སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་ལུང་བསྟན་མཛད་པ་དེ་འདྲའི་སྐྱེས་བུ་དམ་པ་ཚད་ལྡན་ཡིན་ན། |
དེ་ཚོ་ལ་ང་ཚོས་གུས་བཀུར་བྱེད་རྒྱུ་དང་། |
དེ་བཞིན་དེ་ཡི་ཕྲིན་ལས་ཀྱི་ཞབས་འདེགས་བསྒྲུབ་དགོས་པ་ཞིག་ཡིན་ས་རེད། |
དེ་འདྲ་ཡིན་དུས། |
ཀརྨ་པ་ཞེས་པ་དེ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་ཀྱང་ལུང་བསྟན། |
དེ་བཞིན་ཞང་ཚལ་པ་བརྩོན་འགྲུས་གྲགས་པ་དང་། |
དེ་ཡང་ང་རང་ཚོས་ཀརྨ་པ་དེ་མ་བྱོན་པའི་སངས་རྒྱས་དྲུག་པ་སེང་གེ་རེད་ཅེས་བརྗོད་རྒྱུ་དེ་ཁུངས་ཐུན་བཞིའི་བཀའ་འཁྲིད། |
དང་ལུང་གཏུགས་ས་གཙོ་བོ་དེ་ཞང་ཚལ་པ་བརྩོན་འགྲུས་གྲགས་པའི་གཏེར་བྱང་གི་ནང་ནས་ཁོང་གི་གཏེར་དང་དེའི་གཞུང་འགྲེལ་གྱི་ནང་ནས་དུས་གསུམ་མཁྱེན་པ་དེ་མ་འོངས་པའི་སངས་རྒྱས་དྲུག་པ་སེང་གེ་ཡིན་པ་གསལ་པོ་ཡོད་པ་རེད་འདུག་ཡང་ལོ་རྒྱུས་ཁ་ཤས་ནང་ལ་དཔེར་ན། |
མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་ཁོང་གིས་བསྟན་འཛིན་གྱི་སྐོརལ་ལོ་རྒྱུས་ཤིག་ཡོད་པ་རེད། |
དེའི་ནང་ལ་ཀརྨ་པ་དུས་གསུམ་མཁྱེན་པ་དང་། |
ཀརྨ་པཀྵིའི་མིང་དེ་སྤྱི་འདུས་ལྟ་བུ་ཏོག་ཙམ་ཞིག་ཁག་ཁག་ཡིན་པ་འདྲ་པོ་ཞིག་གང་ཡིན་ཞེ་ན། |
ཀརྨ་པ་དུས་གསུམ་མཁྱེན་པ་དེ་གསར་པ་ཞིག་གྲུབ་པ་བྱས། |
ཀརྨ་པཀྵི་དེ་སྤྲུལ་བྱེད་ལྟ་བུ་ཐ་སྙད་ཡིན་པའི་བཟོ་འདྲ་ཞིག་དང་། |
སྐྱེ་བའི་སྐྱེ་གཞི་ལྟ་བུ་ཐ་དད་ཡིན་པ་ཞིག་གསུངས་གནང་འདུག་ཡིན་ན་ཡང་། |
ཀརྨ་པཀྵི་རང་ཉིད་ཀྱིས་མཛད་པའི་རྣམ་ཐར་དེ་ཚོའི་ནང་ལ་རང་ཉིད་ས་ལ་གནས་པའི་སྐྱེ་རྒྱུན་ཡིན་པ་དེ་འདྲའང་ཞལ་གྱིས་བཞེས་གནང་བ་དེ་འདྲ་འདུག་དེ་ཡིན་དུས། |
སྤྱིར་བཏང་ཡོངས་གྲགས་སུ་བྱས་པ་ཡིན་ན། |
ཅུང་ཟད་ཅིག་བཤད་སྟངས་མི་འདྲ་བ་ཡོད་སྲིད་པ་རེད་དེ། |
ཡིན་ན་ཡང་ནང་དོན་གྱི་ཆ་ནས་ཐུན་བཞིའི་བཀའ་འཁྲིད། |
ཀརྨ་པ་དུས་གསུམ་མཁྱེན་པ་འདས་ནས་ལོ་བཅུ་གཉིས་ཀྱི་མཚམས་ལ་ཀརྨ་པཀྵི་བྱུང་བ་ཡིན་པ་རེད། |
དེ་ཡིན་དུས། |
དེ་ལ་གོང་དུ་ཞུས་པ་ཇི་བཞིན་སྐྱེ་བ་བདུན་དང་། |
དེ་བཞིན་མཆོག་གྱུར་བདེ་ཆེན་གླིང་པའི་ལུང་བསྟན་ནང་ལ་ཀརྨ་པའི་མཆོག་གི་སྤྲུལ་སྐུ་ཉི་ཤུ་རྩ་གཅིག་བྱུང་། |
དེ་བཞིན་ཀརྨ་པ་དེ་བཞིན་གཤེགསཔ་ལ་མཁའ་འགྲོའི་ལུང་བསྟན་བྱུང་ཚུལ་ལྟར་བྱས་ན། |
སྤྲུལ་པའི་བརྒྱུད་འཛིན་ཉི་ཤུ་རྩ་ལྔའི་བར་དུ་བྱུང་གསུངས་ཡོད་པ་རེད། |
དེ་བཞིན་གྲུབ་ཆེན་ཉག་རེ་སེལ་བའི་ལུང་བསྟན་གྱི་ནང་ལ་བརྒྱ་དང་སྟོང་ལ་སོགས་པ་ཡིན་ན་ཡང་འབྱུང་རྒྱུ་ཡོད་ཅེས་གསུངས་འདུག་གང་ལྟར་གང་ཡིན་ནའང་མིན་ནའང་ད་ལྟའི་བར་དུ་ཀརྨ་པའི་མཆོག་གི་སྤྲུལ་སྐུ། |
སྐུ་ཕྲེང་བཅུ་དྲུག་གི་བར་དུ་བྱོན་ཟིན་པ་རེད། |
ཀརྨ་པའི་སྐུ་ཕྲེང་མང་པོ་བྱོན་ཐུན་བཞིའི་བཀའ་འཁྲིད། |
གང་ལྟར་མཛད་པ་ཕྲིན་ལས་རྒྱ་ཆེན་པོ་ཞིག་གནང་ཡོད་པ་རེད། |
སྔོན་མ་ཡིན་ན་ཡོད་པ་རེད། |
བུ་སློབ་ཟེར་རྒྱུ་ལྟ་བུ་དེ་ནས་མར་རིམ་བཞིན་དེད་ཡོང་དུས་ད་རེས་དུས་ལ་ཐུག་ཡོང་དུས་སྔོན་མ་ཀརྨ་པ་སྐུ་ཕྲེང་མང་པོ་ཞིག་སྐྱེས་བུ་དམ་པ་མང་པོ་བྱོན་ཡོད་པ་རེད། |
མཛད་པ་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མཛད། |
བསྡུ་བ་བཞིའི་སྒོ་ནས་འཁོར་བསྡུ་བར་མཛད་ནས་གདུལ་བྱ་དུ་མ་ཞིག་སྨིན་གྲོལ་ལ་བཀོད་ཡོད་པ་རེད། |
ང་རང་ཚོ་ལ་རྟགས་ལྟ་བུ་གང་ཡང་མི་འདུག་གམ། |
ཀརྨ་པ་ཕེབས་མི་ཕེབས་ཟེར་བ་དེ་ཐུན་བཞིའི་བཀའ་འཁྲིད། |
གཅིག་མཚུངས་ཡིན་པའི་བཟོ་འདྲ་མ་གཏོགས་དམིགས་བསལ་མཆོག་གི་སྤྲུལ་སྐུ་འཛམ་བུ་གླིང་ལ་བྱོན་ནས་དེས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་དང་དེ་བཞིན་བསྡུ་བ་རྣམ་བཞིའི་ཕྲིན་ལས་མང་པོ་ཞིག་བསྟན་ཡོད་པ་དེ་ཟླ་བ་རེ་རེ་ཙམ། |
ལོ་རེ་རེ་ཙམ་གྱི་སྐད་ཆ་མིན་པ་མི་རབས་ནས་མི་རབས་ལ་བྱུང་བ་ཡིན་པ་རེད། |
དེ་ཡིན་དུས། |
སྐབས་རེ་དེ་ཡང་མེད་པ་བྱས། |
གཅིག་བྱས་ན་ང་རང་གི་རང་སྣང་ལ་དེ་འདྲ་མ་བྱུང་བ་ཡིན་གྱི་རེད་དམ། |
དེ་འདྲ་ཡང་ཡོང་སྲིད་པ་རེད། |
གང་ལྟར་མཚམས་རེ་དེ་འདྲའི་ཚོར་བ་ཡོང་གི་འདུག་གམ། |
དེ་འདྲ་ཡིན་དུས། |
ཀརྨ་པ་སྐུ་ཕྲེང་བདུན་པ་ཡན་ཆོད་སྒྲུབ་བརྒྱུད་ལ་ཉམས་ལེན་མཛད་པ་ཧ་ཅང་མང་པོ་བྱུང་བ་ཡིན་པ་རེད། |
དེ་ཕྱིན་ཆད་ལ་བཤད་པ་ལ་གཙོ་བོ་བསྟེན་དགོས་པའི་དགོངས་པ་གཙོ་བོར་གནང་སྟེ། |
བདུན་པ་ཆོས་གྲགས་རྒྱ་མཚོ་རང་ཉིད་ཀྱིས་ཚད་མ་རྣམ་འགྲེལ་ལ་རྒྱས་འགྲེལ་བརྩམས། |
དེའི་སློབ་མ་ཀརྨ་པ་མི་བསྐྱོད་རྡོ་རྗེ་ཉིད་ཀྱིས་ཀྱང་ཀརྨ་ཕྲིན་ལས་པའི་སློབ་མ་ཡིན་པ་མཚོན་པའི་ཕྱིར་དུ་༑གཞུང་ཆེན་མོ་ཁག་ལ་འགྲེལ་པ་བརྩམས་གནང་བ་རེད། |
གང་ལྟར་བཤད་པའི་རྒྱུན་གསར་དུ་བཙུགས་གནང་མཛད་འདུག་གམ། |
དེ་འདྲ་ཡིན་དུས། |
གྲུབ་པ་མེད་པ་མ་རེད་དེ། |
ཡིན་ན་ཡང་དུས་ཚོད་དང་བསྟུན་ནས་བཤད་པ་ལ་གཙོ་བོ་གནང་དགོས་པ་དེ་འདྲ་ཞིག་བྱུང་བ་ཡིན་པ་རེད། |
དེ་ཡིན་དུས། |
ད་ལྟའི་སྐབས་ལ་ཡིན་ན་ཡང་། |
ང་རང་ཚོ་སྒྲུབ་བརྒྱུད་པ་ཡིན་དུས། |
དེ་འདྲ་ཡིན་དུས། |
ང་རང་ཚོ་སྒྲུབ་ཁང་ལ་སྡོད་མཁན་སྒྲུབ་གྲྭ་བ་རྣམས་དང་། |
དེ་བཞིན་བཤད་གྲྭའི་ནང་སྡོད་མཁན་རྣམས་བཤད་པ་གཅིག་པུ་མ་ཡིན་པ་སྤྱིར་བཏང་ང་རང་ཚོ་སྒྲུབ་བརྒྱུད་པའི་རྗེས་སུ་འཇུག་པ་ཐམས་ཅད་ཀྱིས་བཤད་སྒྲུབ་ལས་གསུམ་ཆ་ཚང་བ་ཞིག་བྱེད་དགོས་པ་གལ་ཆེན་པོ་མེད་དམ་བསམ་གྱི་འདུག་དེ་མ་གཏོགས་བཤད་གྲྭ་བ་མ་ཡིན་ཐུན་བཞིའི་བཀའ་འཁྲིད། |
སྒྲུབ་ཁང་ནང་སྡོད་མཁན་མ་ཡིན་པ་དཀྱིལ་ལ་གནས་སྡོད་མཁན་གྱི་རབ་ཏུ་བྱུང་བ་དེ་ཚོས་ཐོས་བསམ་ཡང་བྱེད་མི་དགོས་མཁན་སྒོམ་ཉམས་ལེན་ཡང་བྱེད་མ་དགོས་མཁན་དེ་འདྲ་ཁོ་ནར་སྡོད་དགོས་མཁན་དེ་འདྲ་ཡང་སྐབས་རེ་ཡོང་བསྡད་ཀྱི་འདུག་གམ། |
དེ་ཡིན་དུས། |
དེ་འདྲ་བྱས་པ་ཡིན་ན། |
བཤད་སྒྲུབ་ཡ་བྲལ་སྤྱིར་སངས་རྒྱས་ཀྱི་བསྟན་པ་ལ་བཤད་སྒྲུབ་ཡ་བྲལ་ཡིན་ན་མི་རུང་བ་ཡིན་པ་རེད། |
ལྷག་པར་དུ་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་དེའི་ནང་ལ་བཤད་པ་ཡིན་ན་ཡང་། |
སྔར་གྱི་མཁས་གྲུབ་གོང་མ་རྣམ་པ་ཚོས་སྐུ་ངལ་ཆེན་པོ་ཞིག་བསྐྱོན་ནས། |
དམ་པའི་ཆོས་སྒྲུབ་པ་ལ་སྙིང་པོ་ལེན་པར་མཛད་དེ། |
དེ་བཞིན་བཤད་གྲྭའི་སྡེ་དེ་འདྲ་ཞིག་མཛད་ནས་བཤད་སྒྲུབ་ཟུང་དུ་འབྲེལ་བ་ཞིག་ང་རང་ཚོ་བརྒྱུད་པ་ཕྱི་མ་རྣམས་ལ་སྩལ་ཡོད་པ་རེད། |
ང་རང་ཚོ་སྒྲུབ་བརྒྱུད་པའི་གང་ཟག་སུ་འདྲ་ཞིག་ཡིན་ན་ཡང་། |
བཤད་སྒྲུབ་ཟུང་དུ་འབྲེལ་བའམ་ཡ་མ་བྲལ་བའམ་ཁ་མ་འཐོར་བ་ཞིག་ང་རང་ཚོས་ཉམས་ལེན་བྱེད་མ་ཐུབ་ཐུན་བཞིའི་བཀའ་འཁྲིད། |
ན་མ་འོངས་པར་རིམ་གྱིས་རིམ་གྱིས་མི་ཟེར་བ་དེ་ལས་སླ་བ་དང་སྟབས་བདེ་པོ་དེ་ལ་དགའ་པོ་ཡོད་པ་ཡིན་དུས། |
རྗེས་མ་རིམ་པས་ང་རང་ཚོས་ནམ་མཁའ་སྟོང་པར་འཇའ་ཡལ་སོང་བ་ནང་བཞིན། |
གང་ལྟར་འཇའ་ལྟར་ཡལ་སོང་ན་ཤིན་ཏུ་ཕངས་པོ་རེད། |
དེ་ཡིན་དུས། |
དེ་ཚོའི་སྐོར་ལ་ང་རང་ཚོས་བསམ་བློ་གཏོང་དགོས་པ་དེ་འདྲ་ཡིན་ས་རེད། |
ཐུན་བཞི་བླ་མའི་རྣལ་འབྱོར་དེ་སྤྱིར་བཏང་མི་བསྐྱོད་རྡོ་རྗེ་རང་ཉིད་ཀྱིས་མཛད་ཟེར་ནའང་། |
མི་བསྐྱོད་རྡོ་རྗེ་རང་ལ་དག་པའི་སྣང་བ་ལྟ་བུ་བྱུང་ནས། |
མཁའ་འགྲོས་བརྡ་ཡི་སྐད་ཀྱི་ཚུལ་དུ་མར་གསུངས་པ་རེད་ཅེས་ཀརྨ་ཆགས་མེད་ཀྱིས་གསུངས་འདུག་མི་བསྐྱོད་རྡོ་རྗེ་རང་ཉིད་ཀྱི་བཀའ་འབུམ་ནང་ལ་ཡིན་ན་ཡང་། |
ན་མོ་གུ་རུ་སྤྱི་བོའི་གཙུག་ན་ཟེར་བ་དང་། |
དེ་བཞིན་སྣང་ཞིང་སྟོང་སྟོང་ཞིང་སྣང་། |
གུ་རུ་རཏྣ་བྱོན་པའི་ཚེ་ཟེར་བ་ལྟ་ཐུན་བཞིའི་བཀའ་འཁྲིད། |
Subsets and Splits
No community queries yet
The top public SQL queries from the community will appear here once available.