text
stringlengths
1
104k
མཁའ་དབྱིངས་དག་པའི་ནམ་མཁའི་ཀློང་འཁྱིལ་དུ་༎
རིགས་མཆོག་དག་པའི་དངོས་གྲུབ་བདག་ལ་སྩོལ་༎
མཐའ་ཡས་ཀློང་གི་དངོས་གྲུབ་བདག་ལ་སྩོལ་༎
ཧུམ།
མ་གཅིག་ཐུགས་རྗེ་ཆེན་པོ་བདག་ལ་སྩོལ་༎
ས་བདག་རྒྱལ་པོའི་དངོས་གྲུབ་བདག་ལ་སྩོལ།
བདག་གི་རྣམ་ཤེས་ཙིཏྟ་བེམ་པོ་འདི་༎
འབྲས་བུ་ཐོབ་ཕྱིར་བདག་གིས་སྨྲེང་གསོལ་ན་༎
སྤྱན་གྱི་དངོས་གྲུབ་བདག་ལ་སྩོལ་༎
ཐུགས་ཀྱི་དངོས་གྲུབ་བདག་ལ་སྩོལ་༎
ཧུམ།
རྐང་མགྱོགས་དངོས་གྲུབ་བདག་ལ་སྩོལ་༎
ཧུམ།
མི་བརྗེད་གཟུངས་གྱི་དངོས་གྲུབ་བདག་ལ་སྩོལ་༎
ཧུམ།
བྱིན་རླབ་མཐུ་ཆེན་སྩོལ་བའི་དུས་ལ་བབ་༎
དྲག་ཤུལ་མཐུ་ཡི་དངོས་གྲུབ་སྩལ་དུ་གསོལ་༎
ཞེས་དངོས་གྲུབ་བླང་བའི་ལེའུ་སྟེ་བརྒྱ་སོ་གཉིས་པའོ་༎།།
ཤར་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས་༎
ལྷོ་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས་༎
ནུབ་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས་༎
བྱང་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས་༎ རི་རབ་རྩེ་ནས་འབྲུག་སྒྲོགས་མ་༎
དེ་ནས་སྔགས་ཀྱིས་བརྟན་པར་བཞུགས་སུ་གསོལ་བ་ནི། རག་མོ་རག་མོ་སྙིང་རྩ་ཤ་མ་མ་ས་མ་ཡ་ཏིཤྠ་ལྷན།
རག་མོ་རག་མོ་རུ་རུ་རོ་རུ་ཙ་པལ་དགྲ་བོའི་སྙིང་ཁ་རག་ས་མ་ཡ་ཏིཤྠལྷན། རག་མོ་རག་མོ་ཙབ་མོ་ཙབ་མོ།
རག་མོ་རག་མོ་ཏྲག་མོ་ཏྲག་ཤིག་ཤིག་དགྲབོའི་སྙིང་ཁ་རག་ལ་མ་ས་ཡ་ཏིཤྠ་ལྷན། ཞེས་པས་བཞུགས་སུ་གསོལ་བར་བྱའོ་༎
སྤྱན་དྲངས་པ་དང་བཞུགས་སུ་གསོལ་བའི་ལེའུ་སྟེ་བརྒྱ་སོ་གསུམ་པའོ་༎།། དེ་ནས་མཆོད་པ་འབུལ་ཏེ།
ཤ་ཁྲག་སྣ་ཚོགས་པ་དང་ར་ཁམ་རོག་གི་ཤ་ཁྲག་གི་མཆོད་པ་དབུལ་བར་བྱ་སྟེ། ཤར་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས་༎
ཤར་གྱི་སྟག་སྲིན་ཟོར་བ་གདོང་༌༎ ནམ་མཁའི་དཀྱིལ་ནས་ཐོག་འབེབས་མ་༎
ལྷོ་ཡི་བམ་སྲིན་དྲེད་མོ་གདོང་༌༎ ནུབ་ཀྱི་ཀོང་སྲིན་གློག་འགྱུ་མ་༎
བྱང་གི་འབྲོག་སྲིན་ཆུ་སྲིན་གདོང་༌༎ རྣལ་འབྱོར་དམ་ཚིག་ཅན་གྱི་གྲོགས་མཛད་མ་༎
ལེགས་ཉེས་ཀུན་གྱི་སྟངས་འཛིན་མ་༎ མནའ་ཟན་གང་ཡིན་ཁྲིད་ལ་ཤོག།
སྔགས་གོངམ་ལ་ཁ་རམ་ཁ་ཧི་ཞེས་པས་བསྟབ་པརབྱའོ་༎ མཆོད་པ་དབུལ་བ་དང་བསྟབ་པའི་ལེའུསྟེ་བརྒྱ་སོ་བཞི་པའོ་༎ ༎
ཨུ་ཙུཤྨ་ཤ་དགྲ་ལ་བྷྱོ་༎ ཁམ་ཁ་རྦད་ཤ་དགྲ་ལ་བྷྱོ།
སྙིང་ཁ་རག་མ་དགྲ་ལ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ།
ཨོམ་ཧ་ཡ་གྲི་བ་ཧྲི། ཙིན་ད་ཙིན་ད་ཤ་ད་ཡ་མན་ཏ་ཀ་ཧུམ་པ་ཙ་པ་ཙ་ཧུམ་ཕཏ།
ཛྭ་ལ་ཛྭ་ལ་རམ་༎ ཛྭ་ལ་ཛྭ་ལ་རམ་ཧུམ་ཕཏ།
མ་མ་རིལ་རིལ། ཡ་མན་ཏ་ཀ་ཨ་དཀར་དུ་རུ་དུ་རུ།
ཞེས་པ་སྟེ་སྔགས་འདིས་ཐམས་ཅད་འགྲུབ་པའོ་༎ གསང་བ་སྔགས་ཀྱི་ལེའུ་སྟེ་བརྒྱ་སོ་ལྔ་པའོ་༎ ༎
དེ་རྣམས་བརྡུངས་ལ་ཁྲག་གི་ཟངས་བུ་རུ་མཆོད་པ་དབུལ་ལོ་༎ ཚིལ་ཆེན་གྱི་དུད་པ་བཏང་༌༎
གང་ལ་བྱེད་པའི་ཡུལ་ལྷ་ཡང་རུང་སྟེ་གཟུགས་ལ་ཕུར་པས་གདབ། ཕུར་པ་སེང་ལྡེང་ལ་བགྱི།
བདེན་བ་དར་མ་ཉེས་པའི་དཔང་གཟུག་ཡམས་ནད་འབེབས་པར་འདོད་ན། དུག་སྣ་ཚོགས་དང་ཁྲག་སྣ་ཚོགས་དང་སྔོ་ཁུར་སྦྱིན་བསྲེག་བྱ་༎
མཁར་འཇིག་གོ། ཞེས་གསུངས་སོ་༎
རྫས་བསྟན་པ་དང་སྐྱིན་ཐང་དབབ་པའི་ལེའུ་སྟེ་བརྒྱ་སོ་དྲུག་པའོ་༎།། དེ་ནས་ཡང་སྲིད་པ་ལས་ཀྱི་མ་མོ་དང་༌།
ལྕགས་ཀྱི་སྤྱང་མོ་མགོ་དགུ་ལས་ཀྱི་མ་མོ་དང་༌༎ ཁྱབ་གདལ་ཕོ་ཉ་ལས་ཀྱི་མ་མོ་དག།
ལ་ལ་ཞིང་ཆུང་བ་སུ་འདྲེན་༎ ལ་ལ་འགུགས་བྱེད་ལྕགས་ཀྱུ་འཛིན་༎
ལ་ལ་སྦྲུལ་ནག་ཞགས་པ་འཛིན་༎ ལ་ལ་ཕོ་ཉ་འགུགས་ཤིང་འདྲེན་༎
གཤིན་རྗེའི་ལྕམ་མོ་ལྕགས་ཀྱི་སྤྱང་མོ་མགོ་དགུ་མ་དང་༌། གཤིན་རྗེའི་ལྕམ་མོ་ཙིཏྟ་འཕེན་པའི་ཡང་གསལ་གཡོས་དང་༌།
གཤིན་རྗེའི་ལྕམ་མོ་སྣང་སྲིད་ཀྱི་སྤྱི་ཕུད་མ་དང་༌། མཚོ་སྨན་རྒྱལ་མོ་དང་ཉི་ཤུ་རྩ་གཅིག་དབྱིངས་ཀྱི་བཀའ་སྡོད་བློན་མོ་གཅིག་མ།
གཤིན་རྗེའི་ལྕམ་མོ་བཀའ་སྡོད་བློན་མོ་སྣང་སྲིད་སྤྱི་ཕུད་མ་དང་༌། ཐུགས་དམ་བསྐང་བའི་བཀའ་སྡོད་བློན་མོ་བཀྲག་གསལ་མཉམ་དང་༌།
ཤུགས་སྒྲོལ་བཀའ་སྡོད་ཁྲག་འཐུང་མ། དྲེགས་ལྡན་བཀའ་སྡོད་བློན་མོ་དྲུག་ཅུ་གཙོ།
གནོད་བྱེད་སྙིང་འཕྲོག་འབར་མ་མེ་ཁྱེར་གློག་ཕྲེང་འཛིན་ཏེ་དགུའོ་༎ མ་མོ་བྱུང་བ་བསྟན་པའི་ལེའུ་སྟེ་བརྒྱ་སོབདུན་པའོ་༎ ༎
ཤིག་ཤིག་མ་མོ་དགྲ་ལ་བྷྱོ། ཨོམ་རོ་ཟ་ཤིག་ཤིག་ཏི་སྒ་རྦད་རྦད་བྷྱོ།
ཛ་ཛ་ས་མུན་ཛ། རག་ཤ་དུན་དུན་ལི་ལི།
ས་མ་ཡ། ཙིཏྟ་ཁྲག་དུག་ཤ་ན་བྷྱོ།
རག་ཤ་དུན་ཕུར་འདྲི་དུ་རག་ཤ་རྦད་རྦད། རྦ་ན་རྦ་ན་ཕཏ།
ཛ་ཛ་ཕཏ་ཕཏ་རྦད་རྦད། ཙི་པ་རཀྴ་རྦད་རྦད།
གདུག་པའི་ལྷ་མོ་མི་སྲིན་གྱིས་བསད་པའི་ལེའུ་སྟེ་བརྒྱ་སོ་བརྒྱད་པའོ་༎།། ས་མུན་ཏྲི་ཕཏ་ཕཏ།
གུམ་གུམ། པྲ་ཏི་ཡ་གུམ་གུམ།
པྲ་ཏི་ཡ་གུམ་གུམ། ཨོམ་ཨོམ་ཨོམ། ཧུམ་ཧུམ།
ཛྭ་ལ་ཛྭ་ལ་སརྦ་ཛྭ་ལ་ཀི་ཏ་མ་ར་ཡ་བམ། ནིརྟི་ཡེ། ཧ་ར་ཧ་ར།
ཉུང་དཀར་དང་ཆུ་ལ་བརྒྱ་རྩ་བརྒྱད་བཟླས་ཏེ་གཏོར་རོ་༎ ཨོམ་ཧ་ར་ཧ་ར་བྲ་མ་ཡ། མ་མོ་སྣང་སྲིད་དབང་དུ་བསྡུ་བའི་ལེའུ་སྟེ་བརྒྱ་སོ་དགུ་པའོ་༎།།
ཧུམ། ཕོ་བྲང་རིན་ཆེན་གཞལ་ཡས་ཁང་༌༎ ཕོ་བྲང་འབྱམས་ཀླས་སྤྲིན་གཏིབས་ཤིང་༌༎
ཕོ་བྲང་རིན་ཆེན་གཞལ་ཡས་ཁང་༌༎ རིན་ཆེན་མཛེས་པའི་རྒྱན་ལྷབ་ལྷུབ་༎ ཤར་ལྷོ་ནུབ་བྱང་སྒོ་བཞི་ནས་༎
མགྱོགས་མ་བཞི་ཡིས་སྒོ་ཕྱེ་ཞིག་ཁམ་གྲུམ་པྲ་བེ་ཤ་ཤག། ཅེས་བརྗོད་ལ་སྒོ་དབྱེའོ་༎ ཡང་དག་གསང་བའི་དཀྱིལ་འཁོར་དུ་༎
ཡབ་ཡུམ་སྲས་དང་འཁོར་བཅས་རྣམས་༎ མི་ཕྱེད་དད་པས་ཕྱག་འཚལ་ལོ་༎ ཡང་དག་གསང་བའི་དཀྱིལ་འཁོར་དུ་༎
བཀའ་དྲིན་རྗེས་སུ་དྲན་པའི་ཕྱིར་༎ གསང་བའི་ཚུལ་གྱིས་ཕྱག་འཚལ་ལོ་༎ ཧུམ།
ཡང་དག་གསང་བའི་དཀྱིལ་འཁོར་དུ་༎ མ་བུའི་འདུ་ཤེས་ཉེར་གཞག་ནས་༎ གདུང་བའི་ཚུལ་གྱིས་ཕྱག་འཚལ་ལོ་༎
ཞེས་ཕྱག་བྱའོ་༎ ཧུམ། ཡབ་ཡུམ་འཁོར་དང་བཅས་པ་རྣམས་༎
བདག་ཅག་རྣལ་འབྱོར་སྒྲུབ་པ་ལ་༎ དགྱེས་ཤིང་ཡེ་ཤེས་མདངས་ཕྱུང་ཞིག། བྱམས་པ་ཕྱོགས་མེད་སྤྱན་གྱིས་གཟིགས་༎
འཁོར་བའི་སེམས་ཅན་བདག་ཅག་རྣམས་༎ གཟུང་འཛིན་གཉིས་སུ་བཟུང་བས་ནོངས་༎ སྡིག་ལ་མ་འཛེམ་མི་དགེ་སྣ་ཚོགས་སྤྱད་༎
ཡེ་ཤེས་ལྷ་ཡིས་བཟོད་པར་བཞེས་༎ ཨ་ལ་ལ་ཧོ་༎ བརྡའ་སྒོ་དབྱེ་ཞིང་བཤགས་པ་བྱེད་པའི་ལེའུ་སྟེ་བརྒྱ་བཞི་བཅུ་པའོ་༎།།
ཧུམ་རིན་ཆེན་ཨིནྡྲ་ནི་ལའི་བུམ་པ་རུ་༎ འབྲུ་བཅུད་སྟོང་ལས་སྦྱར་བའི་འཛའ་གད་དཔའ་བོས་གཏམས་༎ གཉིས་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་ཏེ་༎
ཨ་ལ་ལ་སྟེ་བཞེས་སུ་གསོལ་ལོ་༎ ཧུམ། ཚེ་དང་གལ་གཉིས་མཐུན་བསྡེབས་སོ་༎
ཨ་ལ་ལ་ཧོ་༎ སྣང་སྲིད་ཁྲག་གི་རྦ་རླབས་ཆི་ལི་ལི་༎ ཛ་གད་གཏོར་མ་དྲང་བའི་ལེའུ་སྟེ་བརྒྱ་ཞེ་གཅིག་པའོ་༎།།
ཧུམ། རྡོ་རྗེ་རྒྱལ་པོར་མངའ་གསོལ་ལོ་༎ ཨོམ་གུ་ཡ་སིདྡྷི་ཧུམ།
དབུ་རྒྱན་མཆོག་གིས་མངའ་གསོལ་བས་༎ སྲིད་པའི་དབང་ཆེན་རྣམས་ལ་དབང་སྒྱུར་ཤོག། ཨོམ་གུ་ཡ་ཧེ་ཧེ།
ཞེས་བརྗོད་པས་དབུ་ལ་གསོལ་ལོ་༎ མ་མོ་རྣམས་ལ་དབང་སྒྱུར་ཤོག། ཕྱག་ཏུ་དབུལ་ལོ་༎
ཕྱག་རྒྱ་ཆེན་པོས་མངའ་གསོལ་ལོ་༎ བདུད་དང་མུ་སྟེགས་འདུལ་བ་དང་༌༎ བདུད་དང་མུ་སྟེགས་དབང་དུ་སྡུས་༎
སྟག་ལྤགས་གཡང་གཞིས་མངའ་གསོལ་ལོ་༎ ཕྲིན་ལས་རྣམ་བཞི་སྒྲུབ་པའི་ཕྱིར་༎ སྟག་ལྤགས་གཡང་གཞི་འདི་གསོལ་བས་༎
དཔལ་རྟུལ་ཟ་བྱེད་རྒྱན་དང་ལྡན་པར་ཤོག། རྡོ་རྗེ་རྒྱལ་ཐེབས་གསན་ཅིང་དགོངས་སུ་གསོལ་༎ དུང་ཆེན་ཕྲེང་བས་དབང་བསྐུར་ཏེ་༎
བདུད་དང་མུ་སྟེགས་རྡུལ་དུ་རློག། དུར་ཁྲོད་ཆེན་པོའི་གནས་བརྒྱད་དང་༌༎ ཡེ་ཤེས་ཆེན་པོའི་ཀློང་དཀྱིལ་ནས་༎
མཁའ་འགྲོ་དབང་དུ་བསྡུ་བའི་ཕྱིར་༎ པདྨའི་རཀྟའི་མཚན་མ་འདི་༎ རྡོ་རྗེ་རྒྱལ་པོ་རྒྱལ་ཐེབས་མངའ་གསོལ་ཞིང་མཆེདལ་མཚན་མ་གདབ་པའི་ལེའུ་སྟེ་བརྒྱ་བཞི་བཅུཞེ་གཉིས་པའོ་༎།།
བསྟན་པ་བསྲུང་བའི་མནངག་ཐུགས་ཀྱི་ཡང་སྙིང་མ་མོ་འབུམ་ཐིག་འདིཞེ་གཉིས་པའོ་༎། ༎ རྩ་བའི་རྒྱུད་ལ་ལེའུཞེ་བརྒྱད་ཕྱི་མ་ལ་ལེའུ་དགུ་བཅུ་གོ་གཉིསཞེ་གཉིས་པའོ་༎། ༎ ༎